དགེ་ལེགས་ཕུག་ལུ་ རྨགཔ་དང་གནསམོ་ལུ་ཤི་རྐྱེན།

༉ དགེ་ལེགས་ཕུག་ལུ་ སྣུམ་འཁོར་བཅོ་ཁང་ཅིག་གི་ ཆུ་མཛོད་ཁང་ནང་ལུ་ ཕྲལ་ཁམས་ཅིག་ཁར་ སྐྱེས་ལོ་༣༠དང་༢༨ལང་མི་ རྨགཔ་དང་གནསམོགཅིག་ ཤི་ཡོདཔ་སྦེ་མཐོང་སྟེ་འདུག

རྐྱེན་ངན་འདི་ཡང་ གཟའ་པ་སངས་ཀྱི་ཕྱི་རུ་ སྤྱི་ལོ་༢༠༢༡གསརཔ་ཚེས་པའི་ དུས་སྟོན་བརྩི་སྲུང་འབད་བའི་སྐབས་ བྱུང་ཡོད་པའི་དོགས་འདུག

པར་ཆས་སི་སི་ཊི་བི་ནང་ལུ་ ཁོང་ཚེ་འདས་གཉིས་ དེ་ཚེ་ རིང་ཚད་ཕིཊ་༡༠མ་ལངམ་ཅིག་འབད་མི་ ཆུ་མཛོད་ཁང་ནང་ལུ་འགྱོ་སར་མཐོང་དོ་ཡོད་རུང་ ལོག་སར་མི་མཐོང་དོ་ཡོདཔ་སྦེ་ཨིན་མས།

ཨམ་སྲུ་འདི་གི་ཕུངཔོ་འདི་ འདི་གི་ནངས་པ་ཟེརཝ་ད་ལུ་ སྣུམ་འཁོར་བཅོ་ཁང་གི་ལས་བྱེདཔ་ཅིག་གིས་ ཆུ་མཛོད་ཁང་འདི་ནང ལྡིང་སྟེ་ཡོདཔ་སྦེ་མཐོང་་ཡོདཔ་ཨིན་རུང་ རྨགཔ་གི་ཕུངཔོ་འདི་ འཚོལ་མ་ཐོབ་པས།

ཨིན་རུང་ གཟའ་ཟླཝ་གི་ཚེ་ ཁྲིམས་སྲུང་འགག་པ་གིས་ ཆུ་མཛོད་ཁང་འདི་ནང་གི་ཆུ་བཏོན་བཏང་བཅུག་པའི་སྐབས་ རྨགཔ་འདི་གི་ཕུངཔོ་འདི་ཡང་ ཆུ་མཛོད་ཁང་འདི་ལས་རང་མཐོང་སྟེ་འདུག

ཁྲིམས་སྲུང་འགག་པ་གིས་བཀོད་མི་ནང་ ཚེ་འདས་རྨགཔ་དང་ཨམ་སྲུ་འདི་ལུ་ རྨ་སྐྱོན་ཚུ་ ག་ནི་ཡང་མ་བཏོན་པར་ཡོདཔ་ལས་ གནད་དོན་ག་ཅི་ལས་བརྟེན་ཏེ་ ཤི་རྐྱེན་བྱུང་ཡོདཔ་ཨིན་ མ་ཤེས་པར་ཡོདཔ་བཤད་ཅི།

ཚེ་འདས་ཨམ་སྲུ་འདི་ བསམ་རྩེ་ནོར་རྒྱས་སྒང་རྒེད་འོག་ནང་ལས་ཨིན་རུང་ རྨགཔ་འདི་ རྒྱ་གར་གྱི་ཉེ་འདབས་ཁྲོམ་ ཇའི་གོང་ལས་ཨིནམ་ད་ ཁོང་གཉིས་ལུ་ ཨ་ལུ་ཟེརཝ་ཡང་མེདཔ་མས།

རྨགཔ་འདི་ སྣུམ་འཁོར་བཅོ་ཁང་ཅིག་གི་ནང་ལུ་ སྣུམ་འཁོར་བཅོ་མི་ཅིག་སྦེ་ ལཱ་འབད་སྡོད་ནུག

ཁོང་ཚེ་འདས་གཉིས་ཀྱི་ཕུངཔོ་འདི་ ཁོང་རའི་ཕམ་སྤུན་ཆ་ཚུ་ལུ་ རྩིས་སྤྲོད་དེ་འདུག

གནས་ཚུལ་བསྡུ་ལེན་པ་ ཀརྨ་དབང་འདུས།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube