གཟའ་ཉི་མ། ༢༠༢༠ ཟླ་༥ པའི་སྤྱི་ཚེས་༣༠

ནད་ཡམས་ཀོ་ཝིཊ་ནཱའིན་ཊིན་ཐོབ་མི་ འབྲུག་མི་ ༤པམ་འདི་དྲག་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༢༢ ༢༠༢༠

༉ ད་ས་དྲོ་པ་ ད་རུང་རང་ ནད་ཡམས་ཀོ་ཝིཊ་ནཱའིན་ཊིན་ཐོབ་མི་གཅིག་ དྲག་སྟེ་ཡོདཔ་སྦེ་ གསལ་བསྒྲགས་འབད་མི་དང་བསྟུན་ ད་རེས་ རྒྱལ་ཁབ་ནང་ ནད་གཞིའདི་ལས་དྲག་མི་གི་གྱངས་ཁ་འདི་ དྲུག་གུ་ལྷོད་དེ་ཡོདཔ་ཨིན།

ནདཔ་འདི་ཡང་ ནད་ཡམས་ཀོ་ཝིཊ་ནཱའིན་ཊིན་ཐོབ་མི་ འབྲུག་མི་ ༤ པམ་ཨིནམ་ད་ མོ་རང་ ནདཔ་སོ་སོ་སྦེ་བཞག་སའི་ཁང་མིག་ནང་ལས་བཏོན་ཏེ་ བདུན་ཕྲག་ ༢ ཀྱི་རིང་ལུ་ ཟུར་བཞག་པའི་ཤུལ་མ་ བརྟག་དཔྱད་འབད་བའི་སྐབས་ ནད་གཞི་འདི་མེདཔ་སྦེ་མཐོང་ནུག

ད་རེས་ འབྲུག་རྒྱལ་ཁབ་ནང་ ནདཔ་ ༡༥ འདི་ ནད་གཞི་འདི་ལས་ དྲག་མ་ཚུགས་པར་ཡོདཔ་ཨིན།

གནས་ཚུལ་བསྡུ་ལེན་པ་ ཚེ་རིང་བཟངམོ།

ཐིམ་ཕུག