གཟའ་པ་སངས། ༢༠༢༠ ཟླ་༤ པའི་སྤྱི་ཚེས་༢

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ རྒྱལ་ཡོངས་དུས་ཆེན་གྱི་ཉིནམ་དང་འབྲེལ་ སྐུ་རིམ་གནང་ས་ལུ་དབུ་བཞུགས་གནང་ཡི།

སྤྱི་ཟླ་༡༢ པའི་ཚེས་ ༡༨ ༢༠༡༩

༉ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ད་རིས་ རྒྱལ་ཡོངས་དུས་ཆེན་གྱི་ཉིནམ་དང་འབྲེལ་ ལྷུན་རྩེ་རྫོང་ཁག་ རྣམ་འགྲོ་གླིང་དགོན་འཛིན་གྲྭ་ཚང་ནང་ལུ་སྦེ་ ཉིནམ་༡གི་རིང་ལུ་ སྐུ་རིམ་གནང་ས་ལུ་དབུ་བཞུགས་གནང་ཡི།

སྐུ་རིམ་གནང་ས་ལུ་ གྲྭ་ཚང་འདི་ནང་ལས་ དགེ་སློང་ཞལ་གྲངས་བརྒྱ་ལྷགཔ་ཅིག་གིས་ གྲལ་ཁར་གཏོགས་ཡོདཔ་ད་ སྐུ་རིམ་འདི་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་རྒྱལ་ཁབ་ དེ་ལས་ མི་སེར་ཚུ་ལུ་ བཞི་བདེ་འབྱུང་ཐབས་ལུ་དམིགས་ཏེ་གནང་ནུག

ད་རུང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ རྒྱལ་ཡོངས་དུས་ཆེན་བརྩི་སྲུང་ཞུ་ནི་དང་ འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ དགའ་སྐྱིད་དང་གཞི་བདེ་འབྱུང་ནི་གི་དོན་ལུ་ མཆོད་མེ་སྟོང་མཆོད་ཚུ་ཡང་ཕུལ་གནང་ཡི།