གཟའ་པ་སངས། ༢༠༡༩ ཟླ་༡༢ པའི་སྤྱི་ཚེས་༡༢

གཞལ་སྒང་ལུ་ འབྲུག་བྱ་རིགས་ཀྱི་དུས་སྟོན་ འགོ་བཙུགས་ཡོདཔ།

སྤྱི་ཟླ་༡༡ པའི་ཚེས་ ༡༢ ༢༠༡༩

༉ གཞལ་སྒང་རྫོང་ཁག་ནང་ལུ་ འབྲུག་བྱ་རིགས་དུས་སྟོན་ཐེངས་༢་པ་འདི་ སྟིང་སྟི་སྦིས་ལུ་སྦེ་ ད་རིས་ལས་ འགོ་འདྲེན་འཐབ་ནི་ འགོ་བཙུགས་ཏེ་ཡོདཔ་ཨིན།

དུས་སྟོན་འགོ་བཙུགས་ས་ལུ་ བློན་ཆེན་ དྲོག་ཊར་ བློ་གྲོས་ཚེ་རིང་གིས་ གྲལ་བཞུགས་གནང་ཡི།

ལས་རིམ་འགོ་འདྲེན་འཐབ་མི་གིས་སླབ་མི་ནང་ ཉིནམ་༣་གྱི་ དུས་སྟོན་ལས་རིམ་གྱི་དོན་ལས་ མི་སྟོང་ཕྲག་༣་དེ་ཅིག་ འཛོམས་ཏེ་ཡོདཔ་སྦེ་བཤད་ཅི།

དུས་སྟོན་ལས་རིམ་གྱི་སྐབས་ལུ་ བྱའི་རིགས་བལྟ་ནི་དང་ པར་བཏབ་ནི་ལས་འགོ་བཙུགས་ཏེ་ ལས་རིམ་ཁག་༡༡་དེ་ཅིག་ འགོ་འདྲེན་འཐབ་ནི་གི་ལས་རིམ་འདུག

སྤྱི་ལོ་༢༠༡༥་ལས་འགོ་བཙུགས་མི་ དུས་སྟོན་ལས་རིམ་འདི་ཡང་ མི་སྡེའི་གཞི་བཞག་གི་ མཐའ་འཁོར་དང་མཐུན་པའི་ བལྟ་བཤལ་གོང་འཕེལ་དང་ ནང་འཁོད་ཀྱི་དཔལ་འབྱོར་ ཡར་དྲག་བཏང་ཚུགས་པའི་ དམིགས་གཏད་བསྐྱེདཔ་ཨིན་མས།