གཟའ་ཟླ་བ། ༢༠༢༠ ཟླ་༡ པའི་སྤྱི་ཚེས་༡༩

ལ་གངས་སྲུང་གི་མི་སེར་ཚུ་ལུ་ གཡག་འཚོ་ནི་གི་སྲོལ་འདི་ ཉམས་དོ་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༣༡ ༢༠༡༩

༉ ཐིམ་ཕུག་རྫོང་ཁག་ སྲོས་དང་གླིང་གཞི་རྒེད་འོག་ནང་གི་ ལ་གངས་སྲུང་གི་མི་སེར་ཚུ་གི་དོན་ལས་ གཡག་འཚོ་ནི་གི་སྲོལ་འདི་ ཧེ་མ་ལས་རང་སྡོད་ཡོདཔ་ཨིན་རུང་ འདས་པའི་ལོ་ཚུ་ནང་ལས་ ཉམས་འགྱོ་སྟེ་ཡོདཔ་སྦེ་ཨིན་མས།

འདི་ལུ་ ས་གནས་འདི་ནང་གི་ མི་རྒས་ཤོས་ཚུ་གིས་སླབ་མི་ནང་ ད་རེས་ནངས་པ་ རྟ་ལས་བརྟེན་པའི་འོང་འབབ་མང་སུ་ཅིག་སྦེ་ བཟོ་ཚུགས་མི་དང་ ན་གཞོན་ཚུ་གིས་ གཡག་འཚོ་ནི་ལུ་ སྤྲོ་བ་མ་སྐྱེད་མི་ འདི་བཟུམ་སྦེ་ རྩྭ་འབྲོ་ལངམ་སྦེ་མེད་མི་ལུ་བརྟེན་ཏེ་ཨིན་ཟེར་བཤད་ཅི།

ད་རུང་ ཁོང་ཆ་ཁྱབ་ཀྱིས་བཀོད་མི་ནང་ འདས་པའི་ལོ་ཚུ་ནང་ལས་ གཡག་བསད་ནི་གི་གནད་དོན་ཚུ་ མར་ཕབ་འགྱོ་སྟེ་ཡོདཔ་ལས་ གཡག་གསོ་ནི་གི་སྲོལ་འདི་ཡང་ ཉམས་འགྱོ་སྟེ་ཡོདཔ་སྦེ་ཨིན་མས།

འདི་མ་ཚད་ དེ་སྦེ་ གཡག་འཚོ་མི་ཚུ་མར་ཕབ་འགྱོ་མི་འདི་ཡང་ གནད་དོན་གཅིགཔ་འདི་ ད་རེས་ནངས་པ་ དབྱར་རྩྭ་དགུན་འབུཔ་ཚུ་ འཐུ་ནི་ཐོབ་ནི་འདི་གིས་ འཚོ་བའི་གནས་སྟང་ཚུ་ ཡར་དྲག་བཏང་ཡར་དྲག་འགྱོ་མི་ལས་བརྟེན་ཏེ་ ཨིནམ་སྦེ་བཤད་ཅི།

འདི་བཟུམ་སྦེ་ ས་གནས་འདི་ཁའི་མི་སེར་ཚུ་གིས་སླབ་མི་ནང་ གཡག་ལ་ལོ་ཅིག་ ས་གནས་ཀྱི་ཁ་སྐད་ནང་ མགུ་ཡུམ་ཟེར་སླབ་མི་ནད་གཞི་དང་ རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་བཀལ་ནི་འདི་གིས་ གཡག་གི་གྱངས་ཁ་འདི་ མར་ཕབ་འགྱོ་ཡོདཔ་སྦེ་ཨིན་མས།

འདི་འབདཝ་ལས་ ད་རེས་ནངས་པ་ མི་ཚུ་གིས་ ཁོང་རའི་གཡག་ཚུ་ བཙོང་ནི་འགོ་བཙུགས་ཏེ་ཡོདཔ་ལས་ གཡག་གི་གྱངས་ཁ་འདི་ མར་ཕབ་འགྱོ་ནི་ནང་ ལྷན་ཐབས་འབད་དེ་ཡོདཔ་སྦེ་བཤད་ཅི།

གནད་དོན་འདི་ཡང་ ས་གནས་ཀྱི་མི་སེར་ཚུ་གིས་ ཧེ་མ་ གཡག་འཚོ་སྲོལ་ཡོད་པའི་ ལོ་རྒྱུས་ཚུ་གི་སྐོར་ལས་བཤད་པའི་སྐབས་ ཧ་གོ་སྟེ་ཡོདཔ་ཨིན།