གཟའ་མིག་དམར། ༢༠༡༩ ཟླ་༡༠ པའི་སྤྱི་ཚེས་༡༤

རྒྱ་གར་གཞུང་ཚབ་ཡིག་ཚང་གིས་ མྷ་ཧཊ་མ་གྷཎ་དྷི་གི་ འདྲ་གཟུགས་གསལ་སྟོན།

སྤྱི་ཟླ་༡༠ པའི་ཚེས་ ༣ ༢༠༡༩

༉ ཐིམ་ཕུག་ལུ་ཡོད་པའི་ རྒྱ་གར་གཞུང་ཚབ་ཡིག་ཚང་གིས་ ཁ་ཙ་ མྷ་ཧཊ་མ་གྷཎ་དྷི་གི་འདྲ་གཟུགས་ མི་ཚད་ཅནམ་གཅིག་བཞེངས་མི་འདི་ གསལ་སྟོན་འབད་ཡི།

འདི་ཡང་ ཁ་ཙ་གི་ཉིནམ་འདི་ མྷ་ཧཊ་མ་གྷཎ་དྷི་འཁྲུངས་པའི་ཉིནམ་ཅིག་འབདཝ་ལས་ གུས་བསྟུད་ཀྱི་དོན་ལུ་ གསལ་སྟོན་འབད་དེ་འདུག

མྷ་ཧཊ་མ་གྷཎ་དྷི་འདི་ རྒྱ་གར་རང་དབང་གི་དོན་ལུ་ ཞི་བའི་ཐོག་ལས་ ངོ་བརྒལ་འབད་མི་ཅིག་ཨིནམ་ད་ རྒྱ་གར་རྒྱལ་ཁབ་འདི་ སྤྱི་ལོ་༡༩༤༠ཞེ་གྲངས་ནང་ལུ་ བྷི་ཊིཤ་ལས་ རང་དབང་ཐོབ་སྟེ་ཡོདཔ་ཨིན།