གཟའ་ཕུར་བུ། ༢༠༡༩ ཟླ་༡༡ པའི་སྤྱི་ཚེས་༢༠

ཨ་ལུ་ལོ་༧ ལང་མི་ཅིག་བསད་ཡོདཔ་པའི་ དོགས་པ་བརྟེན་ཏེ་ བུཚ་ཅིག་དོ་དམ་འོག་ལུ་བཞག་ཡོདཔ།

སྤྱི་ཟླ་༩ པའི་ཚེས་ ༡༡ ༢༠༡༩

བསད་ཡོད་པའི་༉ དགེ་ལེགས་ཕུག་གི་ཁྲིམས་སྲུང་འགག་པ་གིས་ སྐྱེས་ལོ་༡༩ལང་མི་ཕོ་སྐྱེས་གཅིག་ལུ་ སྐྱེས་ལོ་༧ལང་མི་བུཚ་གཅིག་ བསད་ཡོད་པའི་དོགས་པ་ལས་བརྟེན་ཏེ་ དོ་དམ་འོག་ལུ་བཞག་སྟེ་འདུག

བྱ་ངན་འདི་ཡང་ གསར་སྤང་རྫོང་ཁག་འོག་གི་ འཇིགས་མེད་ཆོས་གླིང་རྒེད་འོག་ནང་ལུ་ བྱུང་ཡོདཔ་ཨིན་མས།

མི་ཚུ་དང་འཁྲིལ་བ་ཅིན་ ཨ་ལུ་བུཚ་འདི་ གར་སོང་མེདཔ་མ་འགྱོ་བའི་ཧེ་མ་ སྤྱི་ཟླ་འདི་གི་སྤྱི་ཚེས་༨ཀྱི་ཚེ་ དོགས་པ་ཅན་ཕོ་སྐྱེས་འདི་དང་ཆ་ མཐོང་ཡོདཔ་སྦེ་ཨིན་མས།

ཚེ་འདས་བུཚ་འདི་ དེ་བསྒང་ ཁོ་རའི་ཨང་རྒས་དང་ཅིག་ཁར་ གཡུས་ཁའི་ལྷ་ཁང་ཅིག་ནང་ལུ་ སོང་ཡོདཔ་སྦེ་ཨིན་མས།

ཚེ་འདས་ཨ་ལུ་འདི་གི་ཕུངཔོ་འདི་ ཁ་ཙ་ རྒེད་འོག་ཡིག་ཚང་གི་འོག་ལུ་ འཁོར་ལམ་གྱི་གཡུར་བ་ནང་ལུ་ མཐོང་སྟེ་འདུག

གནད་དོན་འདི་ ད་རེས་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་བསྒང་རང་ ཡོདཔ་ཨིན་མས།