གཟའ་ཉི་མ། ༢༠༡༡ ཟླ་༥ པའི་སྤྱི་ཚེས་༨

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཇ་པཱན་གྱི་ བརྒྱུད་འཛིན་རྒྱལ་སྲས་དང་ལྕམ་ དེ་ལས་ སྲས་ལུ་མཇལ་འཕྲད་གནང་ཡི།

སྤྱི་ཟླ་༨ པའི་ཚེས་ ༢༠ ༢༠༡༩

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་གིས་ བཀྲིས་ཆོས་རྫོང་ནང་ལུ་སྦེ་ ཇ་པཱན་གྱི་ བརྒྱུད་འཛིན་རྒྱལ་སྲས་ ཨ་ཀཱི་ཤི་ནོ་དང་ ལྕམ་ཀཱི་ཀཱོ་ དེ་ལས་ སྲས་ཧི་ས་ཧི་ཏོ་ལུ་ མཇའ་འཕྲད་གནང་ཡི།

ཇ་པཱན་གྱི་སྐུ་འཁོར་ཚུ་ཡང་ གསེར་ཁྲི་ཁང་བཟང་ནང་ལུ་ རང་ལུགས་འཆིབས་གྲལ་བཙར་ཏེ་ འཕེབས་བསུ་ཞུ་ནུག

འདི་གི་ཤུལ་ལས་ སྐུ་འཁོར་རྣམ་ གླིང་ཀ་ན་ཕོ་བྲང་ནང་ལུ་ ཉི་མའི་གསོལ་སྟོན་ནང་ལུ་ མགྲོན་བརྡ་གནང་ཡོདཔ་ཨིན་མས།

ཇ་པཱན་གྱི་རྒྱུད་འཛིན་རྒྱལ་སྲས་ཕུ་མི་ཧི་ཏོ་འདི་ཡང་ ཇ་པཱན་གྱི་རྒྱལཔོ་ཨ་ཀཱི་ཧི་ཏོ་དང་རྒྱལ་ཡུམ་མི་ཅི་ཀཱོ་གི་ སྲས་ཆུང་ཤོས་ཨིན་མས།

རྒྱུད་འཛིན་སྲས་ཀྱིས་ ལྕམ་ཀཱི་ཀཱོ་འདི་ཡང་ སྤྱི་ལོ་༡༩༩༠་ལུ་ བཞེས་གནང་ནུག

འདི་བཟུམ་སྦེ་ སྲས་ཧི་ས་ཧི་ཏོ་འདི་ རྒྱུད་འཛིན་སྲས་དང་ ལྕམ་ཀཱི་ཀཱོ་ལུ་ སྲས་ཁོ་རང་གཅིག་རང་ཨིན་མས།

ད་རེས་ སྲས་ཧི་ས་ཧི་ཏོ་གི་དོན་ལས་ ཁོ་རའི་གནམ་བྱཱར་གྱི་ ངལ་གསོའི་སྐབས་ལུ་ ཕྱི་རྒྱལ་ལུ་ གཟིགས་བསྐོར་ནང་བྱོན་མི་འདི་ འགོ་དང་པ་ཨིན་མས།

ཇ་པཱན་གྱི་སྐུ་འཁོར་ཚུ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མགྲོན་བརྡ་གནངམ་བཞིན་དུ་ ཉིན་གྲངས་༡༠་གི་དོན་ལས་ རྒྱལ་ཁབ་ནང་ལུ་ སྐུ་སྒེར་གྱི་གཟིགས་བསྐོར་ནང་ལུ་བྱོན་ཏེ་ ཡོདཔ་ཨིན་མས།