གཟའ་མིག་དམར། ༢༠༡༩ ཟླ་༨ པའི་སྤྱི་ཚེས་༡༩

བཀྲིས་བསྒང་ལུ་ རླུང་འཚུབ་འཕུ་མི་ལུ་བརྟེན་ཏེ་ གེ་ཟ་ཨེ་ཀར་༤༥་ལྷགཔ་ཅིག་མེདཔ་བཏང་ཡོདཔ།

སྤྱི་ཟླ་༨ པའི་ཚེས་ ༡༤ ༢༠༡༩

༉ བཀྲིས་སྒང་རྫོང་ཁག་ ཕོངས་མེད་རྒེད་འོག་ ཕིམ་སོང་དང་མཐོང་རོང་ དེ་ལས་ ཡ་བྲག་སྤྱི་འོག་ནང་ལུ་ ཁ་ཙ་ཕྱི་རུ་ཁམས་གཅིག་ཁར་ ཆརཔ་དང་སེརཝ་ དེ་ལས་ རླུང་འཚུབ་འཕུ་མི་ལས་བརྟེན་ཏེ་ ཁྱིམ་གུང་པ་༨༠་དེ་ཅིག་གིས་ གེ་ཟ་ཞིང་ཨེ་ཀར་༤༥་ལྷགཔ་ཅིག་ མེདཔ་བཏང་ནུག

རླུང་འཚུབ་འདི་ལས་བརྟེན་ཏེ་ མང་ཤོས་ཅིག་ར་ ཡ་བྲག་སྤྱི་འོག་ནང་ལུ་ ཁྱིམ་གུང་པ་༦༠་དེ་ཅིག་གི གེ་ཟ་ཚུ་ མེདཔ་བཏང་ཡོདཔ་ཨིན་མས།

འདི་ལུ་ ས་གནས་འདི་ཁའི་མི་ཚུ་གིས་བཀོད་མི་ནང་ ད་ལྟོ་ཚུན་ཚོད་ གེ་ཟ་ཚུ་ ཉིན་ནུབ་མེད་པར་ རི་དྭགས་སེམས་ཅན་ཚུ་ལས་སྲུང་མི་འདི་ ད་རེས་འབདཝ་ད་ རླུང་འཚུབ་འདི་གིས་ མེདཔ་བཏང་སྟེ་ཡོདཔ་ལས་ བློ་ཕམ་སྟེ་ཡོདཔ་མ་ཚད་ སང་ཕོད་ག་ཅི་ཟ་ནི་ཨིན་ན་མ་ཤེས་པར་ ཚ་གྱང་ལང་དོ་ཡོདཔ་སྦེ་བཤད་ཅི།

འདི་འབཝ་ལས་ རྒེད་འགོ་འགོ་དཔོན་ཚུ་གིས་ གནོད་སྐྱོན་རྐྱབ་ཡོད་པའི་ ས་གནས་ཚུ་གི་ནང་ལས་ཕར་ ད་རེས་ ཐོ་བཀོད་ཀྱི་ཞིབ་དཔྱད་ཚུ་ འབད་བའི་བསྒང་ར་འདུག

ཁོང་ཆ་ཁྱབ་ཀྱིས་ ཞིབ་དཔྱད་འབད་ཡོད་པའི་ སྙན་ཞུ་ཚུ་ཡང་ རྫོང་ཁག་རྐྱེན་ངན་འཛིན་སྐྱོང་དང་ སྐྱིད་སྡུག་ཡིག་ཚང་ནང་ལུ་ ཕུལ་ནི་ཨིན་མས།