གཟའ་ཟླ་བ། ༢༠༡༩ ཟླ་༨ པའི་སྤྱི་ཚེས་༢༥

བསམ་རྩེ་ལུ་ འགོ་ཁྲིདཔ་ཚུ་གིས་ གོང་ཚད་ཕབ་ཆག་མེད་པའི་ མེ་རླུང་རྒྱ་རྫི་ཚུ་སོར་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༣ ༢༠༡༩

༉ བསམ་རྩེ་ལུ་ ད་རིས་ རྫོང་བདག་གིས་འགོ་ཁྲིད་འབད་དེ་ ལས་སྡེ་མ་འདྲཝ་ཚུ་གི་ ལས་སྡེ་དང་ལུང་ཕྱོགས་འགོ་དཔོན་ དེ་ལས་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་དང་འཛིན་སྐྱོང་པ་ཚུ་རྩིས་ཏེ་ མི་༢༡་གིས་ གོང་ཚད་ཕབ་ཆག་མེད་པའི་ མེ་རླུང་རྒྱ་རྫི་ཚུ་སོར་ཏེ་འདུག

དེ་སྦེ་ཐབས་ལམ་བཏོན་མི་འདི་ཡང་ རྒྱལ་ཁབ་ནང་གི་གྲོང་གསེབ་མི་སྡེ་དང་ འཐོན་ཁུངས་མེད་མི་ཚུ་ལུ་ ཕན་ཐོགས་འབྱུང་ནི་གི་དོན་ལུ་ མི་ཁུངས་ཀྱི་འགན་ཁུར་ཟེར་མི་ ཐབས་ལམ་དང་འཁྲིལ་ཏེ་ཨིན་མས།

འདི་ཡང་ རྒྱལ་ཁབ་ནང་ལུ་ མི་རླུང་རྒྱ་རྫི་མཁོ་འདོད་བསྐྱེད་མི་ཚུ་ ཡར་སེང་འགྱོ་མི་དང་འབྲེལ་ གོང་ཚད་ཕབ་ཆག་ཡོད་པའི་ མེ་རླུང་རྒྱ་རྫི་ཚུ་ བཀྲམ་སྤེལ་འབད་མ་ཚུགས་ནི་འདི་གིས་ བསམ་རྩེ་རྫོང་ཁག་དང་གཅིག་ཁར་ ཕུན་ཚོགས་གླིང་ལུ་ཡོད་པའི་ ལུང་ཕྱོགས་ཚོང་དང་བཟོ་གྲྭ་ཡིག་ཚང་གིས་ ཐབས་ལམ་བཏོན་ཡོདཔ་ཨིན་མས།

འདི་འབདཝ་ལས་ ཕུན་ཚོགས་གླིང་ལུ་ཡོད་པའི་ ལུང་ཕྱོགས་ཚོང་དང་བཟོ་གྲྭ་ཡིག་ཚང་གིས་ ད་རེས་ བསམ་རྩེ་རྫོང་ཁག་འོག་གི་ ཁྱིམ་གུང་བརྒྱ་ཆ་༥༠དེ་ཅིག་ལུ་ མེ་རླུང་རྒྱ་རྫི་ཚུ་ བཀྲམ་སྤེལ་འབད་ཡོདཔ་ཨིན་མས།