གཟའ་ཕུར་བུ། ༢༠༡༩ ཟླ་༦ པའི་སྤྱི་ཚེས་༡༩

ཞིབ་འཇུག་ཚུ་དང་འཁྲིལ་ཏེ་ སྨིན་རྒྱས་སློབ་གྲྭ་འདི་ ས་གནས་གཞན་ཁ་ལུ་ སྤོ་དགོཔ་ཡང་ འཐོན་ནི་ཨིནམ།

སྤྱི་ཟླ་༦ པའི་ཚེས་ ༥ ༢༠༡༩

༉ ད༌རིས༌རྒྱལ༌ཡོངས༌ཚོགས༌འདུའི༌དྲི༌བཀོད༌ཀྱི༌བྱ༌རིམ༌སྐབས༌ལུ༌ སྒང་ཟུར་སྨིན་རྒྱས་ཀྱི་འཐུས་མི་གིས་ཞུ་མི་ནང་ ས་གཏེར་ལས་ཁུངས་ཀྱི་འགོ་དཔོན་ཚུ་གིས་ ད་ལྟོ་ཚུན་ སྨིན་རྒྱས་ལུ་ཞིབ་འཇུག་འགོ་འདྲེན་འཐབ་སྟེ་ཡོད་མི་གི་སྐོར་ལས་ ཤེས་རིག་བློན་པོ་གི་ཁ་ཐུག་ལས་ ཚོགས་ཁང་ནང་ལུ་ གསལ་ཞུ་ ཕུལ་ཚུགས་པ་ཅིན་ ཟེར་བའི་དྲི་བ་ཞུ་ཡི།

འདི་ལུ་ ཤེས༌རིག༌བློན༌པོ༌ཇའི་བིར་རའི་གིས་བཀོད་མི་ནང་ ལྷུན༌རྩེ༌ སྨིན༌རྒྱས༌འབྲིང༌རིམ༌སློབ༌གྲྭ༌བར༌མའི༌ལྟག༌ལས༌ རུད༌ཆད༌པའི༌ཤུལ༌ སློབ༌གྲྭ༌འདི༌གི༌གནས༌སྟངས༌འདི༌ ལྟ༌རྟོག༌འབད༌དེ༌རང༌ཡོདཔ༌རུང་ ཞིབ་འཇུག་འདི་ ད་ལྟོ་འགོ་འདྲེན་འཐབ་པའི་བསྒང་རང་ཡོདཔ་ལས་ ལན་ཞུ་བ་ལུ་ ཨ་ཙི་ཧ་དྲག་པས་ཟེར་ཞུ་ཡི།

འདི་མ་ཚད་ ཤེས་རིག་བློན་པོ་གིས་ཞུ་མི་ནང་ གཞུང་གིས་ ཞིབ་འཇུག་ཚུ་དང་འཁྲིལ་ཏེ་ སློབ་གྲྭ་འདི་ གོང་འཕེལ་བཏང་དགོཔ་ད་ ཡང་ན་ ས་གནས་གཞན་ཅིག་ཁ་ལུ་ སྤོ་དགོཔ་ཐོན་འོང་ག་ཡང་ སླབ་མི་ཤེས་ཟེར་ཨིན་མས།