གཟའ་མིག་དམར། ༢༠༡༩ ཟླ་༡༠ པའི་སྤྱི་ཚེས་༢༡

བུམ་ཐང་ལུ་ རྐང་འཁོར་རྒྱུག་འགྲན་གྱི་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ།

སྤྱི་ཟླ་༦ པའི་ཚེས་ ༥ ༢༠༡༩

༉ བུམ་ཐང་ བྱ་དཀར་ལུ་ ད་རིས་ ཀི་ལོ་མི་ཀྲར་༡༢འབད་མི་ རྐང་འཁོར་རྒྱུག་འགྲན་གྱི་ལས་རིམ་ཅིག་ འགོ་འདྲེན་འཐབ་པའི་སྐབས་ ཀུན་ལེགས་ཚེ་རིང་གིས་ ཨང་དང་པ་ཐོན་ནུག

དེ་ལས་ ཨང་གཉིས་པ་འདི་ འཇིགས་མེད་རྡོ་རྗེ་དང་ གསུམ་པ་འདི་ ཚེ་རིང་དོན་གྲུབ་ཀྱིས་ ཐོན་ཏེ་འདུག

འགྲན་བསྡུར་འདི་ནང་ལུ་ ཨམ་སྲུ་གཉིས་རྩིས་ཏེ་ མི་༡༣གྱིས་ གྲངས་སུ་གཏོགས་ཡོདཔ་ད་ ལས་རིམ་འདི་ཡང་ བུམ་ཐང་རྩེད་རིགས་ཚོགས་པ་གིས་ འགོ་འདྲེན་འཐབ་ཅི།

ལས་རིམ་འདི་ཡང་ མི་ཚུ་རྐང་འཁོར་བཏང་ནི་ནང་ལུ་ སྤྲོ་བ་བསྐྱེད་བཅུག་ནི་དང་ མ་འབུ་བའི་ནད་གཞི་གི་གདོང་ལེན་ལུ་ ཐབས་ལམ་ཅིག་འདི་ རྐང་འཁོར་བཏང་སྟེ་ ལུས་སྦྱོང་འབད་ནི་འདི་ཨིན་ཟེར་བའི་ གོ་བརྡ་སྤེལ་ནི་གི་དོན་ལུ་ འགོ་འདྲེན་འཐབ་ཡོདཔ་སྦེ་བཤད་ཅི།