གཟའ་ཉི་མ། ༢༠༢༡ ཟླ་༡༠ པའི་སྤྱི་ཚེས་༢

འཁོད་གནམ་གྲུ་ཐང་ནང་ལུ་ མཁའ་འགྲུལ་གྱི་ཞབས་ཏོག་འགོ་བཙུགས་དགོ་པའི་སྐོར་ལས་གྲོས་འཆར།

སྤྱི་ཟླ་༥ པའི་ཚེས་ ༢༩ ༢༠༡༩

༉ བློན་ཆེན་ ཌོག་ཊར་བློ་གྲོ་ཚེ་རིང་གིས་ གཞུང་ལུ་ གོ་ཧཱ་ཊི་ལས་ ཡོན་ཕུག་ལ་དང་ བུམ་ཐང་ དེ་ལས་ དགེ་ལེགས་ཕུག་གི་ནང་འཁོད་གནམ་གྲུ་ཐང་ནང་ལུ་ མཁའ་འགྲུལ་གྱི་ཞབས་ཏོག་ཚུ་ འགོ་མ་བཙུགས་གེ་ཟེར་ གྲོས་འཆར་ཕུལ་ཡི།

འདི་ཡང་ འདི་བཟུམ་མའི་ མཁའ་འགྲུལ་གྱི་ཞབས་ཏོག་ཚུ་ འགོ་བཙུགས་ནི་གི་དོན་ལས་ གནམ་གྲུ་ཐང་༣་འདི་ རྒྱལ་སྤྱིའི་གནམ་གྲུ་ཐང་སྦེ་བཟོ་དགོཔ་ཡོད་ནི་འདི་གིས་ཨིན་མས།

བློན་ཆེན་ ཌོག་ཌར་བློ་གྲོས་ཚེ་རིང་གིས་ཞུ་མི་ནང་ གནམ་གྲུ་ཐང་གི་སྤུས་ཚད་ཚུ་ འདི་བཟུམ་སྦེ་ ཡར་སེང་རྐྱབ་མི་འདི་གིས་ རྒྱལ་སྤྱིའི་ཞི་བའི་མཁའ་འགྲུལ་ལས་ཚོགས་ལུ་དགོ་པའི་ གནས་ཚད་ཚུ་ གྲུབ་མི་ཚུགས་ཟེར་ཞུ་ཡི།

གོ་ཧཱ་ཊི་ལས་ ཡོན་ཕུག་ལ་དང་ བུམ་ཐང་ དེ་ལས་ དགེ་ལེགས་ཕུག་ལུ་ མཁའ་འགྲུལ་གྱི་ཞབས་ཏོག་ཚུ་ གཞི་བཙུགས་འབད་ནི་གི་ ཞིབ་འཚོལ་སྙན་ཞུ་ཚུ་གསལ་ཞུ་ཕུལ་བའི་སྐབས་ལུ་ བརྒྱུད་འབྲེལ་བློན་པོ་གིས་ཞུ་མི་ནང་ ནང་འཁོད་ཀྱི་གནམ་གྲུ་ཐང་༣་ཡར་སེང་རྐྱབ་ནི་གི་དོན་ལས་ མ་རྩ་སྦོ་སྦེ་རང་ དགོཔ་འདུག་ཟེར་ཞུ་ཡི།

ད་རུང་ གོ་ཧཱ་ཊི་ལས་མཁའ་འགྲུལ་གྱི་ ཞབས་ཏོག་འགོ་བཙུགས་པའི་སྐབས་ལུ་ འབྲུག་དང་རྒྱ་གར་གཞུང་གི་བར་ན་ མཁའ་འགྲུལ་འཕུར་འགྲུལ་གྱི་ ལམ་གསརཔ་ངོས་འཛིན་འབད་ནི་འདི་གིས་ རྒྱལ་སྤྱིའི་འཆིངས་ཡིག་ཚུ་ཡང་ བཀོད་དགོཔ་འཐོན་འོང་ཟེར་ཨིན་མས།

ཨིན་རུང་ འཐུས་མི་ལ་ལུ་ཅིག་ལུ་ ལག་ལེན་གནས་སྟངས་ཀྱི་གནས་ཚད་སྙན་ཞུ་ཕུལ་མི་འདི་གིས་ ཡིད་ཆེས་བསྐྱེད་མ་ཚུགས་པར་འདུག

ལྡོག་ཕྱོགས་འགོ་ཁྲིདཔ་ མཁས་དབང་ པདྨ་རྒྱ་མཚོ་ཞུ་མི་ནང་ གོ་ཧཱ་ཊི་ལས་ ནང་འཁོད་གནམ་གྲུ་ཐང་༣་གྱི་ནང་ལུ་ ཐད་ཀར་གྱི་གནམ་གྲུ་འཕུར་འགྲུལ་ཚུ་ འགོ་བཙུགས་དགོ་པའི་ཐབས་ལམ་བཏོན་དགོཔ་ད་ གནད་དོན་འདི་ རྒྱལ་སྤྱིའི་གི་དགོས་མཁོ་ཚུ་ལུ་དཔེ་བལྟ་སྟེ་ བཞག་ནི་མི་འོང་ཟེར་ཞུ་ཡི།

འདི་དང་གཅིག་ཁར་ བློན་ཆེན་ ཌོག་ཊར་ བློ་གྲོས་ཚེ་རིང་གིས་ཞུ་མི་ནང་ ག་དེ་ཅིག་སྦེ་ གནམ་གྲུ་འཕུར་འགྲུལ་ཚུ་ གོ་ཧཱ་ཊི་ལས་ ཐད་དཀར་དུ་ ནང་འཁོད་ཀྱི་གནམ་གྲུ་ཐང་ནང་ལས་ཕར་ འཕུར་འགྲུལ་འབད་བཅུག་པ་ཅིན་ བཀག་ཆ་འབད་མ་ཚུགས་པའི་ ལུང་ཕྱོགས་ཀྱི་བལྟ་བཤལཔ་ཚུ་ ལེ་ཤ་སྦེ་འཐོན་འོང་ཟེར་ཞུ་ཡི།

ལྡོག་ཕྱོགས་ཚོགས་པ་གིས་ འདས་པའི་ཚོགས་ཐེངས་ཀྱི་སྐབས་ལུ་ གོ་ཧཱ་ཊི་ལས་ ནང་འཁོད་ཀྱི་གནམ་གྲུ་ཐང་༣་གྱི་ནང་ལས་ཕར་ ཐད་ཀར་གྱི་ གནམ་གྲུ་འཕུར་འགྲུལ་ཚུ་ འགོ་བཙུགས་ནི་སྦེ་ ཐབས་ལམ་བཏོན་ཏེ་འདུག

འདི་ཡང་ རྒྱལ་ཁབ་ནང་ ལུང་ཕྱོགས་གོང་འཕེལ་ཚུ་འདྲམཉམ་བཏང་ནི་དོན་ལུ་ བལྟ་བཤལ་ཡར་དྲག་བཏང་ནི་དོན་ལུ་ཨིན་མས།