གཟའ་སྤེན་པ། ༢༠༡༩ ཟླ་༩ པའི་སྤྱི་ཚེས་༢༠

དབང་འདུས་ཕོ་བྲང་ལུ་ མདའ་རྩེད་འགྲན་བསྡུར་ཅིག་ འགོ་འདྲེན་འཐབ་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༢༨ ༢༠༡༩

༉ དབང་འདུས་ཕོ་བྲང་ལུ་ གཡང་འཕེལ་ལམ་ལུགས་དང་འཁྲིལ་ཏེ་ མདའ་རྩེད་འགྲན་བསྡུར་ཅིག་འགོ་འདྲེན་འཐབ་ས་ལས་ དུས་ཅི་ བྷི་ལེཆ་ཧོ་ཊལ་ཟེར་མི་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ནུག

སྡེ་ཚན་འདི་གིས་ ཁ་ཙ་ མཐའ་དཔྱད་འགྲན་བསྡུར་གྱི་སྐབས་ལུ་ ཕོ་རྒྱ་དང་ འོང་དོ་ང་ཟེར་མི་སྡེ་ཚན་གཉིས་ ཕམ་བཏང་ཡོདཔ་ཨིན་མས།

མདའ་རྩེད་འགྲན་བསྡུར་འདི་ཡང་ མདའ་རྩེད་ལུ་སྤྲོ་བ་ཡོད་མི་ མི་ངོམ་གཅིག་གིས་ འགོ་འདྲེན་འཐབ་ཡོདཔ་ད་ འདི་ནང་ དབང་འདུས་ཕོ་བྲང་དང་སྤུ་ན་ཁ་ལས་ སྡེ་ཚན་༡༡གིས་དོ་འགྲན་ནུག