གཟའ་མིག་དམར། ༢༠༡༩ ཟླ་༡༠ པའི་སྤྱི་ཚེས་༢༡

ཐཎ་ཌར་ཌའི་གཱོཎ་ཟེར་མི་ བང་རྒྱུག་གི་འགྲན་བསྡུར་ཐེངས་༡༣པ།

སྤྱི་ཟླ་༥ པའི་ཚེས་ ༢༨ ༢༠༡༩

༉ སྤ་རོ་ལུ་ ཁ་ཙ་ ཐཎ་ཌར་ཌའི་གཱོཎ་ཟེར་མི་ བང་རྒྱུག་གི་འགྲན་བསྡུར་ཐེངས་༡༣་པ་ འགོ་འདྲེན་འཐབ་ས་ལུ་ ཕྱིའི་མི་ཚུ་རྩིས་ཏེ་ ལུས་རྩེདཔ་༡༧༣་གྱིས་ གྲལ་ཁར་གཏོགས་ནུག

འདི་བསྒང་ ཀི་ལོ་མི་ཊར་༢༡་འབད་མི་ ཨམ་སྲུ་ཚུ་གི་དབྱེ་ཁག་ནང་ལས་ སྐྱེས་ལོ་༢༣་ལང་མི་ སློབ་ཕྲུག་ གཱོ་མ་པར་དཱན་གྱིས་ དུས་ཡུན་ཆུ་ཚོད་༡་དང་ སྐར་མ་༤༧་གྱི་ནང་ལུ་ མཇུག་བསྡུ་ཚུགས་ཏེ་ཡོདཔ་ལས་ ད་ལྟོ་ཚུན་ཚན་ མགྱོགས་ཤོས་ཅིག་སྦེ་ ཐོ་བཀོད་འབད་དེ་འདུག

འགྲན་བསྡུར་འདི་ནང་ལས་ ཨང་གཉིས་པ་འདི་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭའི་སྦྱོང་བརྡར་པ་ པདྨ་བདེ་ཆེན་གྱིས་ ཐོན་ཡོདཔ་ད་ མོ་གིས་ ལས་རིམ་འདི་ དུས་ཡུན་སྐར་མ་༢༦་གི་རྒྱབ་ལས་ མཇུག་བསྡུ་ནུག

དེ་ལས་ སྐྱེས་ལོ་༢༧་ལང་མི་ བདེ་ཆེན་མཚོ་མོ་གིས་ དུས་ཡུན་ཆུ་ཚོད་༢་དང་སྐར་མ་༢༠་གི་ནང་འཁོད་ མཇུག་བསྡུ་ཡོདཔ་ལས་ ཨང་༣་པ་འཐོན་ཏེ་འདུག

ཀི་ལོ་མི་ཀྲར་༤༢་འབད་མི་ ཕོ་སྐྱེས་ཚུ་གིས་དབྱེ་ཁག་ནང་ལས་ བསྟན་སྲུང་དམག་སྡེ་ནང་ལས་ སྐྱེས་ལོ་༣༧་ལང་མི་ བཀྲིས་ནོར་བུ་གིས་ ཨང་དང་པ་ཐོན་ཡོདཔ་ད་ ཁོ་གིས་ ལས་རིམ་འདི་ དུས་ཡུན་ཆུ་ཚོད་༣་དང་སྐར་མ་༡༧་གྱི་ནང་ལུ་ མཇུག་བསྡུ་ནུག

དེ་ལས་ ཨང་གཉིས་པ་འདི་ སྐྱེས་ལོ་༡༩་ལང་མི་ དབྱངས་ཅན་ཕུག་འབྲིང་རིང་རིམ་སློབ་གྲྭ་གོང་མའི་སློབ་ཕྲུག་ ཀུན་ལེགས་བསྟན་འཛིན་དང་ ཨང་༣་པ་འདི་ ཉི་མ་འོད་ཟེར་གྱིས་ འཐོན་ཡོདཔ་ཨིན་མས།

འདི་བཟུམ་སྦེ་ ཕྱི་རྒྱལ་གྱི་མི་ཚུ་གི་དོན་ལས་ འགོ་འདྲེན་འཐབ་སྟེ་ཡོད་པའི་ ཀི་ལོ་མི་ཊར་༢༡་འབད་མི་ བང་རྒྱུག་གི་དབྱེ་ཁག་ནང་ལས་ ཇཱོཎ་བྷོ་བྷི་དཱ་གིས་ དུས་ཡུན་ཆུ་ཚོད་༡་དང་ སྐར་མ་༤༦་ལུ་ མཇུག་བསྡུ་ཡོདཔ་ད་ འདི་ནང་ ཕྱིའི་རྒྱལ་ཁབ་ནང་ལས་ ལུས་རྩེདཔ་༧༤་དེ་ཅིག་གིས་ དོ་འགྲན་འབད་ནུག