གཟའ་ཉི་མ། ༢༠༡༩ ཟླ་༨ པའི་སྤྱི་ཚེས་༡༧

རླུང་འཚུབ་ལས་བརྟེན་ཏེ་ བུམ་ཐང་ལུ་ དགོན་པ་གཅིག་མེདཔ་བཏང་ཡོདཔ།

སྤྱི་ཟླ་༢ པའི་ཚེས་ ༡༢ ༢༠༡༩

༉ བུམ་ཐང་རྫོང་ཁག་ ཆུ་མིག་རྒེད་འོག་ནང་ལུ་ གཟའ་ཉིམ་གི་ཉི་མ་ རླུང་འཚུབ་འཕུ་མི་ལུ་བརྟེན་ བུ་ལི་དགོན་པའི་ གྲྭ་ཤག་དང་ བླ་མའི་གཟིམ་ཅུང་གི་ ཁྱིམ་ཐོག་ཚུ་མེདཔ་བཏང་སྟེ་སྦེ་འདུག

ཨིན་རུང་ རླུང་འཚུབ་དེ་ལས་བརྟེན་ཏེ་ མིའི་ཚེ་སྲོག་ལུ་ བར་ཆད་བྱུང་ཡོད་པའི་ སྙན་ཞུ་ཚུ་ག་ནི་ཡང་མེད་པའི་ཁར་ དགོན་པའི་བཟོ་བཀོད་ངོ་མ་འདི་ལུ་ཡང་ གནོད་སྐྱོན་ཚུ་མ་རྐྱབ་པར་ཡོདཔ་ཨིན་མས། རྫོང་ཁག་རྐྱེན་ངན་འཛིན་སྐྱོང་ཚོགས་ཆུང་གིས་ དགོན་པ་འདི་གི་ཁྱིམ་ཐོག་ཚུ་ ལོག་བཀབ་ནི་གི་དོན་ལས་ འཆར་གཞི་གི་ལཱ་ཚུ་ འབད་བའི་བསྒང་ར་ཡོདཔ་མི་དང་འབྲེལ་ བཟོ་བཀོད་མེདཔ་བཏང་མི་ཚུ་ཡང་ གནས་སྐབས་ཀྱི་ཁྱིམ་ཐོག་ཚུ་ བཀབ་ཡོདཔ་ཨིན་མས།