གཟའ་སྤེན་པ། ༢༠༡༩ ཟླ་༡༡ པའི་སྤྱི་ཚེས་༢༢

རྒྱལ་སྲས་ཕུཊསཱལ་ལིག་གི་ རྐང་རྩེད་འགྲན་བསྡུར།

སྤྱི་ཟླ་༢ པའི་ཚེས་ ༧ ༢༠༡༩

༉ དུས་ཅི་ ཐིམ་ཕུག་ལུ་སྦེ་རྩེད་འགྲན་འབད་མི་ རྒྱལ་སྲས་ཕུཊསཱལ་ལིག་གི་ རྐང་རྩེད་འགྲན་བསྡུར་ ཐེངས་༣་པའི་ནང་ལས་ ཇཱུ་ནི་ཡཱར་ཨེཕ་སི་གིས་ རྒྱལ་ཁ་ཐོབ་སྟེ་སྦེ་འདུག

འདི་ཡང་ ད་རིས་ མཐའ་དཔྱད་འགྲན་བསྡུར་གྱི་སྐབས་ལུ་ སྡེ་ཚན་འདི་གིས་ འབྲུག་ཀཱི་ལཡར་རིང་ཨེཕ་སི་ལས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་མས།

ཇཱུ་ནི་ཡཱར་ཨེཕ་སི་གིས་ གཱོལ་༧་བཙུགས་ཡོདཔ་ཨིན་རུང་ འབྲུག་ཀཱི་ལཡར་རིང་ཨེཕ་སི་གིས་ གཱོལ་༡་ལས་བརྒལ་ བཙུགས་མ་ཚུགསཔ་ཨིན་མས།

རྩེད་འགྲན་འདི་ནང་ལས་ རྒྱལ་ཁ་ཐོབ་མི་སྡེ་ཚན་འདི་གིས་ རྒྱལ་རྟགས་དང་གཅིག་ཁར་ དངུལ་རྐྱང་གི་གསོལ་རས་ཚུ་ཐོབ་ཡོདཔ་ཨིན་མས།

སྒེར་གྱི་སྡེ་ཚན་ཅིག་གིས་ འགོ་འདྲེན་འཐབ་མི་ ལོ་བསྟར་གྱི་རྩེད་འགྲན་འདི་ནང་ལུ་ སྡེ་ཚན་༢༥་གིས་ གྲལ་ཁར་གཏོགས་ནུག