གཟའ་མིག་དམར། ༢༠༡༩ ཟླ་༧ པའི་སྤྱི་ཚེས་༢༢

ཌོག་ཊར་ བློ་གྲོས་ཚེ་རིང་འདི་ འབྲུག་པའི་བློན་ཆེན་སྦེ་ བསྐོ་བཞག་གནང་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༣༠ ༢༠༡༨

༉ འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་ ཌོག་ཊར་ བློ་གྲོས་ཚེ་རིང་གིས་ ཁ་ཙ་ལས་ འབྲུག་པའི་བློན་ཆེན་གྱི་གོ་གནས་ བཞེས་ཏེ་ཡོདཔ་ཨིན།

འབྲུག་མཉམ་རུབ་ཚོགས་པའི་ གནས་ཚུལ་གསར་བཏོན་ཅིག་དང་འཁྲིལ་བ་ཅིན་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལས་ འབྲུག་པའི་བློན་ཆེན་སྦེ་ བསྐོ་བཞག་གནང་ཡོད་པའི་བཀའ་ཤོག་འདི་ ཁ་ཙ་ ཞུ་སྟེ་ཡོདཔ་སྦེ་ཨིན་མས།

ད་ལས་ཕར་ རྩ་ཁྲིམས་ཆེན་མོ་དང་འཁྲིལ་ཏེ་ བློན་ཆེན་གྱིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ བློན་པོའི་གྲོས་འདེབས་ཚུ་ ཕུལ་དགོ་ནི་ཨིན་མས།

འདི་བཟུམ་སྦེ་ རྩ་ཁྲིམས་ཆེན་མོ་དང་འཁྲིལ་བ་ཅིན་ འབྲུག་རྒྱལ་པོ་མཆོག་གིས་ རྒྱལ་ཡོངས་ཚོགས་འདུའི་འཐུས་མི་གྲལ་ལས་ བློན་ཆེན་གྱིས་གྲོས་འདེབས་ཐོག་ བློན་པོ་ཚུ་བསྐོ་བཞག་གནང་ནི་དང་ ཡང་ན་ བློན་ཆེན་གྱིས་གྲོས་འབུལ་ཐོག་ བློན་པོའི་གོ་གནས་ལས་ བཏོན་བཏང་ནི་ཟེར་ འཁོད་དེ་འདུག

བློན་ཆེན་དང་ བློན་པོ་ལྷན་རྒྱས་ཚུ་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལས་ བདག་རྐྱེན་འདི་ ཤུལ་མའི་ཟླཝ་གི་ སྤྱི་ཚེས་༧ ལུ་ ཞུ་ནི་ཨིན་མས།