གཟའ་ཟླ་བ། ༢༠༡༡ ཟླ་༥ པའི་སྤྱི་ཚེས་༩

རྒྱལ་ཁབ་ནང་ལུ་ གནས་སྐབས་ཀྱི་གཞུང་འདི་ ད་རིས་ལས་ རྩ་གྲོལ་སོང་སྟེ་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༣༠ ༢༠༡༨

༉ རྒྱལ་ཁབ་ནང་ལུ་ གནས་སྐབས་ཀྱི་གཞུང་འདི་ ད་རིས་ལས་ རྩ་གྲོལ་སོང་སྟེ་ཡོདཔ་ཨིན།

རྩ་ཁྲིམས་ཆེན་མོ་ནང་ལུ་ རྒྱལ་ཡོངས་ཚོགས་འདུ་རྩ་གྲོལ་སོང་བའི་སྐབས་ ཉིན་གྲངས་༩༠ལས་མ་ལྷགཔ་ཅིག་གི་རིང་ འཛིན་སྐྱོང་འཐབ་ནི་གི་དོན་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གནས་སྐབས་ཀྱི་གཞུང་ཅིག་ བསྐོས་བཞག་གནང་དགོཔ་སྦེ་འཁོད་དེ་འདུག

གནས་སྐབས་གཞུང་གི་གྲོས་དཔོན་སྤྱི་ཁྱབ་ དྲག་ཤོས་ཚེ་རིང་དབང་ཕྱུག་གིས་གསུངས་མི་ནང་ གནས་སྐབས་གཞུང་འདི་ ངོ་མ་སྦེ་ ནངས་པ་རྐྱངམ་ཅིག་ཚངམ་ཨིན་རུང་ གཟའ་སྐར་འཕྲོད་སྦྱོར་ཚུ་ ད་རིས་བཟངམོ་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ཞབས་སར་ལུ་ཡང་བཅགས་སྦེ་ ད་རིས་རྩ་གྲོལ་སོངམ་ཨིན་ཟེར་གསུངས་ཡི།

ད་རུང་ གྲོས་དཔོན་སྤྱི་ཁྱབ་ཀྱིས་གསུང་མི་ནང་ གནས་སྐབས་གཞུང་བསྐོས་བཞག་འབད་བའི་ནམ་དུས་ལས་ ད་ལྟོ་ཚུན་ སྟབས་མ་བདེཝ་ཚུ་ག་ནི་ཡང་མ་འཐོན་པར་ ལེགས་ཤོམ་སྦེ་རང་སོང་སྟེ་ཡོད་ཟེར་ཨིན་མས།

ད་རེས་ཀྱི་གནས་སྐབས་གཞུང་འདི་ དུས་ཅི་ སྤྱི་ཟླ་༨པའི་སྤྱི་ཚེས་༩གི་ཚེས་ བསྐོས་བཞག་གནང་སྟེ་ཡོདཔ་ཨིན།