གཟའ་ཟླ་བ། ༢༠༡༡ ཟླ་༥ པའི་སྤྱི་ཚེས་༩

ཧཱ་རྫོང་ཁག་སྨན་ཁང་ནང་ལུ་ གསོ་བའི་ལས་བྱེདཔ་མ་ལང་པའི་ དཀའ་ངལ་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༣༠ ༢༠༡༨

༉ ཧཱ་རྫོང་ཁག་འོག་གི་མི་སེར་ཚུ་གིས་ རྫོང་ཁག་སྨན་ཁང་གཅིག་ཐོབ་ནི་གི་དོན་ལུ་ ལོ་ལེ་ཤ་ཅིག་བསྒུག་པའི་ཤུལ་མ་ དུས་ཅི་ སྤྱི་ཟླ་༥པའི་ནང་ལུ་ ཞབས་ཏོག་ཡར་དྲག་བཏང་སྟེ་ཡོད་པའི་ རྫོང་ཁག་སྨན་ཁང་ཅིག་ཐོབ་སྟེ་འདུག

ཨིན་རུང་སྨན་ཁང་འདི་ནང་ལུ་ གསོ་བའི་ལས་བྱེདཔ་ལངམ་སྦེ་མེདཔ་ལས་ ས་གནས་འདི་ཁའི་མི་ཚུ་གིས་སླབ་མི་ནང་ ད་རེས་ གོང་འཕེལ་འགྱོ་མི་དང་འབྲེལ་ ལས་བྱེདཔ་ཚུ་ཡང་ ལངམ་སྦེ་བཙུགས་དགོཔ་འདུག་ཟེར་བཤད་ཅི།

རྫོང་ཁག་སྨན་ཁང་འདི་ནང་ལུ་ ཉིནམ་རེ་ནང་ ནདཔ་༡༧༠དེ་རེ་འོང་དོ་ཡོདཔ་ཨིན་རུང་ ཁོང་ཆ་ཁྱབ་ལུ་ གསོ་བའི་ཞབས་ཏོག་བྱིན་གི་དོན་ལུ་ དྲུང་འཚོ་གཉིས་ལས་བརྒལ་མེདཔ་ཨིན་མས།

 འདི་ལུ་ སྨན་ཁང་འདི་གི་ སྨན་བཅོས་གཙོ་འཛིན་འགོ་དཔོན་ བསོད་ནམས་སྟོབས་རྒྱས་ཀྱིས་བཀོད་མི་ནང་ མི་ཚུ་གིས་ ཨེན་ཌོསི་ཀོ་པི་དང་ སི་ཊི་ཨིསི་ཀེན་བཟུམ་གྱི་མཁས་མཆོག་གི་ཞབས་ཏོག་ཚུ་ དགོ་པའི་རེ་བ་བསྐྱེད་དོ་ཡོདཔ་ཨིན་རུང་ འདི་བཟུམ་གྱི་ཞབས་ཏོག་འདི་ རྫོང་ཁག་སྨན་ཁང་གི་ཁ་ཐུག་ལས་ བྱིན་ནི་མེད་ཟེར་བཤད་ཅི།

ཨིན་རུང་ ཁོ་གིས་སླབ་མི་ནང་ སྨན་ཁང་འདི་ནང་ལུ་ ལས་བྱེདཔ་མ་ལང་པའི་དཀའ་ངལ་འདི་ ཡོད་ཟེར་ཨིན་མས།

ད་རེས་ རྫོང་ཁག་སྨན་ཁང་འདི་ནང་ལུ་ དྲུང་འཚོ་གཉིས་རྩིས་ཏེ་ གསོ་བའི་ལས་བྱེདཔ་༤༣ཡོདཔ་ཨིན་མས།