གཟའ་མིག་དམར། ༢༠༡༩ ཟླ་༡༠ པའི་སྤྱི་ཚེས་༡༤

རྩི་རང་རྫོང་ཁག་ཁྲིམས་ཀྱི་འདུན་ས་ལས་ ཕོ་སྐྱེས་གཅིག་ལུ་ བརྡ་དཀྲོགས་རྫུན་མའི་ཉེས་པ་ལུ་བརྟེན་ བཙོན་ཁྲིམས་བཀལ་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༢༦ ༢༠༡༨

༉ རྩི་རང་རྫོང་ཁག་ཁྲིམས་ཀྱི་འདུན་ས་ལས་ ད་རིས་ སྐྱེས་ལོ་༣༤ལང་མི་ཕོ་སྐྱེས་གཅིག་ལུ་ བརྡ་དཀྲོགས་རྫུན་མའི་ཉེས་པ་ལས་བརྟེན་ཏེ་ བཙོན་ཁྲིམས་ཟླཝ་༢ཀྱི་འཁྲུན་ཆོད་བཏོན་ཏེ་འདུག

ཨིན་རུང་ འཁྲུན་ཆོད་འདི་དང་འཁྲིལ་བ་ཅིན་ ཕོ་སྐྱེས་འདི་གིས་ བཙོན་ཁྲིམས་ཀྱི་ཚབ་ལུ་ ཁྲིམས་འཐུས་བཏབ་ཐག་ཆོགཔ་སྦེ་ཨིན་མས།

གནད་དོན་འདི་ཡང་ ཉེས་ཅན་ཕོ་སྐྱེས་འདི་གིས་ སྤྱི་ཟླ་༩པའི་སྤྱི་ཚེས་༡༣ལུ་ རྒྱལ་ཡོངས་ཚོགས་འདུའི་འགོ་ཐོག་བཙག་འཐུ་གི་སྐབས་ལུ་ བསྐུལ་བསྒྲགས་འབད་ཐག་མ་ཆོག་པའི་དུས་ཚོད་ཁ་ལུ་ མེ་རྫས་རྩེད་དེ་སྦེ་ གས་བཅུག་མི་གི་སྐད་འདི་གིས་ མི་སྡེ་ནང་ལུ་ དོགས་པ་བསགས་བཅུག་སྟེ་ཡོདཔ་སྦེ་ཨིན་མས།

བུམ་ཐང་ལས་ཨིན་མི་ ཉེས་ཅན་ཕོ་སྐྱེས་འདི་ ཚོགས་པ་གིས་སྙན་ཞུ་འབད་བའི་ཤུལ་ལུ་ དེ་ཚེ་ཕྱི་རུ་རང་ ཁྲིམས་སྲུང་འགག་པ་གིས་བཟུང་ནུག

བྱ་ངན་འདི་གི་སྐབས་ལུ་ ཉེས་ཅན་འདི་ དེ་བསྒང་ སྤ་ཚ་གླིང་རྒེད་འོག་ནང་ལུ་ བཟོ་སྐྲུན་གྱི་ས་སྒོ་ཅིག་ནང་ སྣུམ་འཁོར་ནང་ལས་ བྱིམ་བཏོན་པའི་བསྒང་སྡོད་ཡོདཔ་སྦེ་ཨིན་མས།