གཟའ་མིག་དམར། ༢༠༡༩ ཟླ་༡༠ པའི་སྤྱི་ཚེས་༡༤

དངུལ་ཀྲམ་ས་ཡ་༥ ལྷགཔ་ཅིག་འབག་ཡོད་མི་ ཕོ་སྐྱེས་གསུམ་བཟུང་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༩ ༢༠༡༨

༉ ཆུ་ཁ་རྫོང་ཁག་ དགེ་འདུ་གི་ཁྲིམས་སྲུང་འགག་པ་གིས་ གཟའ་སྤེནམ་གི་ཚེས་ ཆུ་ཁ་རྫོང་ཁག་གི་ས་གནས་ རྒྱུམ་བྱག་ལུ་ དངུལ་ཀྲམ་ས་ཡ་༥ ལྷགཔ་ཅིག་དང་ རུ་པི་འབུམ་༢ དེ་ཅིག་འབག་ཡོད་མི་ ཕོ་སྐྱེས་གསུམ་འཛིན་བཟུང་འབད་ནུག

གནས་ཚུལ་འབྱུང་ཁུངས་ཅིག་དང་འཁྲིལ་བ་ཅིན་ ཁོང་ཕོ་སྐྱེས་གསུམ་འདི་ གསེར་ཀེ་ལྗིད་གཉིས་ཨརཝ་བརྐུ་སྟེ་ རྒྱ་གར་ལུ་བཙོང་ཡོད་པའི་ དོགས་པ་ཅན་ཚུ་ཨིནམ་སྦེ་བཤད་ཡོདཔ་ཨིན།

འདི་བཟུམ་སྦེ་ དོགས་པ་ཅན་ཚུ་ སྨྱོ་རྫས་སྤྱོད་དེ་ཡོདཔ་སྦེ་བརྟག་དཔྱད་འབད་ཡོདཔ་མ་ཚད་ ཀེ་ཧང་ག་རམ་༡༡ ལྷགཔ་ཅིག་ འབག་སྟེ་ཡོདཔ་སྦེ་ཨིན་མས།

ཁྲིམས་སྲུང་འགག་པ་གིས་བཀོད་མི་ནང་ དོགས་པ་ཅན་༣ འདི་ཡང་ ད་རེས་ཀྱི་བཙག་འཐུ་རན་དོ་ཡོད་མི་དང་འབྲེལ་ དུས་བརྒྱུན་གྱི་ཞིབ་དཔྱད་ཚུ་འབད་བའི་སྐབས་ བདའ་ཟུན་ཏེ་ཡོདཔ་སྦེ་ཨིན་མས།