མི་མང་ཤོས་ཅིག་གིས་རང་ འགྲེམ་ཐོག་ཚོགས་རྒྱན་བཙུགས་སའི་ ལྷན་ཐབས་ས་སྒོ་འདི་ གདམ་ཁ་རྐྱབ་དོ་ཡོདཔ། - འབྲུག༌རྒྱང༌བསྒྲགས། | འབྲུག༌རྒྱང༌བསྒྲགས།
གཟའ་པ་སངས། ༢༠༡༨ ཟླ་༨ པའི་སྤྱི་ཚེས་༡༦

མི་མང་ཤོས་ཅིག་གིས་རང་ འགྲེམ་ཐོག་ཚོགས་རྒྱན་བཙུགས་སའི་ ལྷན་ཐབས་ས་སྒོ་འདི་ གདམ་ཁ་རྐྱབ་དོ་ཡོདཔ།

སྤྱི་ཟླ་༨ པའི་ཚེས་ ༡༣ ༢༠༡༨

༉ རྒྱལ་ཁབ་ནང་ལུ་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་ མང་ཤོས་ཅིག་གིས་རང་ བཙག་འཐུ་ལྷན་ཚོགས་ཀྱིས་ བཟོ་སྟེ་ཡོད་པའི་ འགྲེམ་ཐོག་ཚོགས་རྒྱན་བཙུགས་སའི་ ལྷན་ཐབས་ས་སྒོ་འདི་ གདམ་ཁ་རྐྱབ་དོ་ཡོདཔ་ཨིན་མས།

པདྨ་དགའ་ཚལ་ལུ་ཡོད་པའི་ གདུང་བསམ་རྩིས་ས་ལས་འཛིན་ནང་ལུ་ སྣུམ་འཁོར་ཀྲག་བཏང་སྡོད་མི་བརྒྱ་ལྷགཔ་ཅིག་དང་ ཁོང་གི་བཟའ་ཚང་ཚུ་གིས་ འཕྲལ་རང་འགོ་འདྲེན་འཐབ་ནི་ཨིན་མི་ བཙག་འཐུ་ནང་ལུ་ ལྷན་ཐབས་ཀྱི་ས་སྒོ་བརྒྱུད་དེ་ ཚོགས་རྒྱན་བཙུགས་ནི་སྦེ་ ཐོ་བཀོད་འབད་དེ་འདུག

ད་ལྟོ་ཚུན་ཚད་ ཁོང་ཆ་ཁྱབ་ཀྱིས་ ཁོང་རའི་ལཱ་འབད་སའི་ས་སྒོ་ནང་ལས་རང་ ཚོགས་རྒྱན་བཙུགས་ནི་གི་ གོ་སྐབས་མ་ཐོབ་ལས་ བཙག་འཐུ་རནམ་ད་རང་ ཁོང་རའི་འདེམས་ཁོངས་ཚུ་ནང་ལས་ཕར་ འགྱོ་དགོཔ་ཐོན་ནུག

ཁོང་ཆ་ཁྱབ་ཀྱིས་སླབ་མི་ནང་ འགྲེམ་ཐོག་ཚོགས་རྒྱན་བཙུགས་སའི་ ལྷན་ཐབས་ས་སྒོ་ལས་བརྟེན་ཏེ་ ཚོགས་རྒྱན་བསྐྱུར་ནི་ནང་ སྟབས་བདེ་དོ་ཡོདཔ་མ་ཚད་ ཟད་འགྲོ་དང་དུས་ཚོད་ཡང་ འཕྲོ་བརླག་མི་འགྱོ་བས་ཟེར་བཤད་ཅི།

ཨིན་རུང་ ཁོང་ཆ་ཁྱབ་ལུ་ ཐོ་བཀོད་འབད་ནི་གི་དོན་ལས་ ཉིནམ་གཅིག་ལས་བརྒལ་བྱིན་ཏེ་མེད་མི་ལུ་བརྟེན་ ཁོང་གིས་བཀོད་མི་ནང་ ཉིནམ་གཅིག་གི་ནང་འཁོད་ལུ་ མི་ག་ར་ ཐོ་བཀོད་འབད་མི་ཚར་དོ་ཡོདཔ་ལས་ ཉིནམ་༣དེ་ཅིག་བྱིན་པ་ཅིན་ སྟབས་བདེ་ནི་མས་ཟེར་ཨིན་མས།

ད་རེས་ པདྨ་དགའ་ཚལ་ གདུང་བསམ་རྩིས་ས་ལས་འཛིན་ནང་ལུ་ སྣུམ་འཁོར་ཀྲག་བཏང་སྡོད་མི་༥༠༠ལྷགཔ་ཅིག་ཡོདཔ་ཨིན་མས།

བཙག་འཐུ་ལྷན་ཚོགས་ནང་ལུ་ ད་ལྟོ་ཚུན་ཚད་ མི་སྟོང་ཕྲག་༧༧དེ་ཅིག་གིས་ འགྲེམ་ཐོག་ཚོགས་རྒྱན་འདི་ ལྷན་ཐབས་ཀྱི་ས་སྒོ་བརྒྱུད་དེ་བསྐྱུར་ནི་སྦེ་ ཐོ་བཀོད་འབད་དེ་འདུག