གཟའ་མིག་དམར། ༢༠༡༨ ཟླ་༡༠ པའི་སྤྱི་ཚེས་༡༥

རྒྱལ་ཁབ་ནང་ལུ་ ལཱ་རྩ་འགེངས་ཏེ་འབད་མི་ ན་གཞོན་ཁས་བླངས་པ་ཚུ་ ངོས་འཛིན་འབད་དེ་ཡོདཔ།

སྤྱི་ཟླ་༨ པའི་ཚེས་ ༡༣ ༢༠༡༨

༉ རྒྱལ་སྤྱིའི་ན་གཞོན་གྱི་ཉིནམ་བརྩི་སྲུང་འདི་ མཇུག་བསྡུ་མི་དང་འབྲེལ་ ན་གཞོན་ལམ་སྟོན་དང་ ན་གཞོན་དང་འབྲེལ་བའི་མི་སྡེ་གིས་ ད་རེས་འགོ་དང་པ་ ན་གཞོན་གསོལ་རས་ཀྱི་ལས་རིམ་ཅིག་ འགོ་འདྲེན་འཐབ་ཅི།

དུས་སྟོན་གྱི་སྐབས་ལུ་ རྒྱལ་ཁབ་ནང་འཁོད་ལས་ ན་གཞོན་ལ་ལུ་ཅིག་གིས་ ཁོང་རའི་མཐའ་དོན་ལུ་མ་བལྟ་བར་ ལཱ་རྩ་འགེངས་ཏེ་འབད་མི་ཚུ་ ངོས་འཛིན་འབད་དེ་ཡོདཔ་ཨིན།

རྒྱལ་ཁབ་ནང་ལུ་ ཁས་བླངས་ཀྱི་ཐོག་ལས་ རྒྱབ་སྐྱོར་འབད་ནི་ནང་ སེམས་ཤུགས་བྱིན་ཐབས་ལུ་དམིགས་ཏེ་ གསོལ་རས་འདི་ཡང་ དབྱེ་ཁག་༣སྦེ་བྱིན་ནུག

མི་སྡེ་ན་གཞོན་གྱི་གསོལ་རས་འདི་ཡང་ རྒྱལ་ཁབ་ནང་འཁོད་ལུ་ མཆོད་རྟེན་སྐུ་དཀར་གསོལ་མི་ ཀུན་ཕན་ཟེར་མི་ ན་གཞོན་སྡེ་ཚན་གྱིས་ཐོབ་ཅི།

འདི་བཟུམ་སྦེ་ ན་གཞོན་ཁས་བླངས་ཀྱི་གསོལ་རས་འདི་ མི་སྡེ་ཀྱི་ཁེ་ཕན་ལུ་དམིགས་ཏེ་ དུས་རྒྱུན་དུ་རང་ ལཱ་ཚུ་ བརྩོན་ཤུགས་བསྐྱེད་དེ་འབད་མི་ བཀྲིས་ཟླ་བ་གིས་ཐོབ་ནུག

དེ་ལས་ བདེ་ཆེན་དབང་འདུས་ཀྱིས་ འབྲུག་པའི་བརྩི་མཐོང་ཚུ་ འགྲེམས་སྟོན་འབད་དོ་ཡོད་མི་ལུ་བརྟེན་ ལི་བིང་ཨ་ཝར་བེ་ལུསུ་ཟེར་མི་ བརྩི་མཐོང་གི་གསོལ་རས་འདི་ ཐོབ་སྟེ་འདུག

ཉིནམ་གཉིས་ཀྱི་དུས་སྟོན་ལས་རིམ་འདི་ཡང་ མི་ངོ་རྐྱང་དང་སྡེ་ཚན་ཚུ་གིས་ མི་སྡེ་ནང་ལུ་ འགྱུར་བ་འབག་ནི་ནང་ ཁེ་ཕན་ཚུ་ ག་དེ་སྦེ་རང་ཡོདཔ་ཨིན་ན་ལུ་གཙོ་བོར་བཏོན་ཏེ་ ད་རིས་ མཇུག་བསྡུ་ནུག