གཟའ་ཉི་མ། ༢༠༡༨ ཟླ་༧ པའི་སྤྱི་ཚེས་༢༡

བསམ་གྲུབ་ལྗོངས་མཁར་ལུ་ ས་རུད་ལས་བརྟེན་ཏེ་ཤི་རྐྱེན།

སྤྱི་ཟླ་༧ པའི་ཚེས་ ༡༣ ༢༠༡༨

༉ བསམ་གྲུབ་ལྗོངས་མཁར་ ཨོ་རོང་རྒེད་འོག་ནང་ལུ་ གཟའ་ཕུརཔ་གི་ཕྱི་རུ་ ཕོ་སྐྱེས་༣་ ས་རུད་ཀྱི་འོག་ལུ་ཚུད་པའི་ཤུལ་ ཤི་རྐྱེན་བྱུང་ནུག

རྐྱེན་ངན་འདི་ཡང་ ཁོང་ཆ་ཁྱབ་ ཕི་ལུ་མ་སྤྱི་འོག་གི་ སོ་ནམ་ཞིང་ལམ་སེལ་ས་ལུ་ རྡོ་རྫས་བཀལ་ནི་སྦེ་ དོང་སྤེད་སྡོད་པའི་སྐབས་ བྱུང་ཡོདཔ་སྦེ་ཨིན་མས།

ཚེ་འདས་ཕོ་སྐྱེས་ཚུ་ཡང་ བཀྲིས་སྒང་དང་ བསམ་གྲུབ་ལྗོངས་མཁར་ལས་ཨིནམ་ད་ ཁོང་ཆ་ཁྱབ་ཀྱི་ཕུངཔོ་ཚུ་ཡང་ ག་ར་འཚོལ་ཐོབ་ནུག