གཟའ་ཕུར་བུ། ༢༠༡༨ ཟླ་༩ པའི་སྤྱི་ཚེས་༡༩

བརྡ་བརྒྱུད་ཚོགས་སྡེ་གཞི་བཙུགས།

སྤྱི་ཟླ་༧ པའི་ཚེས་ ༡༣ ༢༠༡༨

༉ བརྒྱུད་འབྲེལ་ལྷན་ཁག་གིས་ བརྡ་བརྒྱུད་ཚོགས་སྡེ་གཞི་བཙུགས་འབད་དེ་ བརྡ་བརྒྱུད་ཀྱི་ཁྱད་རིག་ཚུ་ ཡར་དྲག་བཏང་ནི་གི་དོན་ལུ་ ལཱ་བརྒྱ་ཆ་༨༠་དེ་ཅིག་ མཇུག་བསྡུ་ནུག

བརྒྱུད་འབྲེལ་ལྷན་ཁག་གི་དྲུང་ཆེན་ དྲག་ཤོས་ཀརྨ་དབང་ཕྱུག་དཔལ་འབྱོར་རྡོ་རྗེ་གིས་གསུང་མི་ནང་ བརྡ་བརྒྱུད་གཞི་ཚོགས་ཀྱིས་ ཨིན་ཊར་ནེཌ་དང་ གཞན་མི་ བརྡ་དོན་འཕྲུལ་རིག་གི་ཞབས་ཏོག་ཚུ་ནང་ ཁྲིམས་དང་འགལ་བའི་གནད་དོན་དང་ གནོད་པ་ཡོད་པའི་གནད་དོན་ཚུ་ ལྟ་རྟོག་འབད་འོང་ཟེར་ཨིན་མས།

ད་རུང་ ཚོགས་སྡེ་འདི་ལུ་ བརྡ་བརྒྱུདཔ་ཚུ་གི་ ཀུན་སྤྱོད་རྣམ་གཞག་དང་ བརྡ་བརྒྱུད་དང་འབྲེལ་བའི་ གནད་དོན་དང་ ཉོག་བཤད་ཚུ་ཡང་ བལྟ་དགོ་པའི་ འགན་ཁུར་ཕོག་ཟེར་གསུང་ཡི།

འདི་བཟུམ་སྦེ་ བརྡ་བརྒྱུད་ཚོགས་སྡེ་འདི་གིས་ བརྡ་བརྒྱུད་ཀྱི་ཡུན་བརྟན་གནད་དོན་ཚུ་སེལ་བའི་ཁ་ལུ་ བརྡ་བརྒྱུད་དང་འབྲེལ་བའི་ ལམ་ལུགས་དང་སྒྲིག་གཞི་བཟོ་ནི་དང་ དེ་ལས་ བརྡ་བརྒྱུད་ཀྱི་རང་དབང་ཡང་ སྲུང་སྐྱབ་འབད་དེ་ ཡར་དྲག་བཏང་ནི་ཨིན་མས།

ད་ལྟོ་ཚུན་ཚད་ འདི་བཟུམ་གྱི་འགན་ཁུར་འདི་ཚུ་ མང་ཤོས་ཅིག་རང་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་བརྡ་བརྒྱུད་དབང་འཛིན་གྱིས་ འགོ་འདྲེན་འཐབ་སྟེ་ཡོདཔ་ཨིན།

ད་རུང་ བརྡ་བརྒྱུད་ཚོགས་སྡེ་འདི་གིས་ བརྡ་བརྒྱུད་ཀྱི་རང་དབང་ཡང་ སྲུང་སྐྱབ་འབད་དེ་ ཡར་དྲག་བཏང་ནི་ཨིན་མས།

འདི་བཟུམ་སྦེ་ བརྒྱུད་འབྲེལ་ལྷན་ཁག་གི་དྲུང་ཆེན་ དྲག་ཤོས་ཀརྨ་དབང་ཕྱུག་དཔལ་འབྱོར་གྱིས་བཀོད་མི་ནང་ བརྡ་བརྒྱུད་ཚོགས་སྡེ་གི་བཀོད་ཁྱབ་འགོ་དཔོན་ཡང་ བཅའ་ཁྲིམས་དང་འཁྲིལ་ཏེ་རང་ ཞི་གཡོགཔ་ཅིག་བཀོད་ནི་ཨིན་ཟེར་གསུང་ཡི།

བརྡ་བརྒྱད་ཚོགས་སྡེ་གཞི་བཙུགས་འབད་ནི་སྦེ་ཡོད་མི་འདི་ཡང་ འབྲུག་གི་བརྡ་དོན་བརྒྱུད་འབྲེལ་དང་བརྡ་བརྒྱུད་ཀྱི་བཅའ་ཁྲིམས་༢༠༡༨་ཅན་མའི་ དགོངས་དོན་དང་འཁྲིལ་ཏེ་ཨིན་མས།

ཚོགས་སྡེ་འདི་ནང་ལུ་ ཞི་གཡོག་ནང་ལས་ བཀོད་ཁྱབ་འགོ་དཔོན་ཅིག་བཀོད་མི་འདི་རྩིས་ཏེ་ འབྲུག་བརྡ་བརྒྱུད་མཐུན་ཚོགས་དང་ བརྡ་བརྒྱུད་ལས་ཁང་ དེ་ལས་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་བརྡ་བརྒྱུད་དབང་འཛིན་དང་ བརྒྱུད་འབྲེལ་ལྷན་ཁག་ འདི་བཟུམ་སྦེ་ འབྲུག་བརྡ་བརྒྱུད་གཞི་ཚོགས་ནང་ལས་ འཐུས་མི་ཚུ་འོང་ནི་ཨིན་མས།