གཟའ་ཉི་མ། ༢༠༡༨ ཟླ་༧ པའི་སྤྱི་ཚེས་༢༡

ལྕམ་མཁར་ཆུ་གིས་འཕྱག་འབག་མི་བུཚ་འདི་ འཚོལ་བའི་བསྒང་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༡༢ ༢༠༡༨

༉ བུམ་ཐང་ལྕམ་མཁར་ཆུ་གིས་ གཟའ་མིག་དམར་གྱི་ཚེ་ སྐྱེས་ལོ་༡༣་ལང་མི་བུཚ་གཅིག་འཕྱག་འབག་མི་འདི་ ད་ལྟོའི་བར་ན་ཡང་ འཚོལ་བའི་བསྒང་རང་འདུག

རྐྱེན་ངན་འདི་ཡང་ བུཚ་འདི་ ཆ་རོགས་གཞན་མི་༣་དང་ཆ་ གཙང་ཆུ་འདི་ནང་ལུ་ རྩལ་རྐྱབ་སྡོད་པའི་སྐབས་ བྱུང་ཡོདཔ་སྦེ་ཨིན་མས།

ཆུ་གིས་འཕྱག་འབག་མི་བུཚ་འདི་ བུམ་ཐང་གི་སློབ་གྲྭ་ཅིག་གི་ སློབ་རིམ་༦་པའི་སློབ་ཕྲུག་ཅིག་ཨིནམ་ད་ སློབ་ཕྲུག་འདི་ཡང་ ལྕམ་མཁར་ཁྲོམ་ཁ་ལུ་ ཁོ་རའི་ཨ་ཞེམོ་དང་ཆ་ སྡོད་ནུག