གཟའ་སྤེན་པ། ༢༠༡༨ ཟླ་༡༡ པའི་སྤྱི་ཚེས་༡༦

སུག་རི་ཊི་ཟམ་ལས་བརྟེན་ཏེ་ རྒྱ་གར་གྱི་གཞུང་ལམ་བདའ་སྟེ་ འགྱོ་མ་དགོ་པའི་ཕན་ཐོགས།

སྤྱི་ཟླ་༧ པའི་ཚེས་ ༡༡ ༢༠༡༨

༉ བསམ་རྩེ་ སུག་རི་ཊི་གཙང་ཆུ་གུ་ལས་ ཟམ་ཅིག་རྐྱབ་ཚར་མི་འདི་ ཁ་ཙ་ལས་ སྣུམ་འཁོར་རྒྱུན་འགྲུལ་གྱི་དོན་ལུ་ སྒོ་ཕྱི་སྟེ་འདུག

ཟམ་འདི་ལས་བརྟེན་ཏེ་ ད་ལས་ཕར་ ཕུན་ཚོགས་དཔལ་རི་རྒེད་འོག་འདི་ ནང་འཁོད་ཀྱི་འཁོར་ལམ་བརྒྱུད་དེ་ བསམ་རྩེ་རྫོང་ཁག་ཡིག་ཚང་ལྟེ་བ་དང་ཅིག་ཁར་ མཐུད་ཚརཝ་ཨིན་མས།

ད་ལྟོ་ཚུན་ཚད་ ཕུན་ཚོགས་དཔལ་རི་རྒེད་འོག་ནང་ལུ་འགྱོ་དགོ་པ་ཅིན་ རྒྱ་གར་གྱི་གཞུང་ལམ་བདའ་སྟེ་རང་ འགྱོ་དགོཔ་ཐོན་དོ་ཡོདཔ་ཨིན།

ཟམ་འདི་ཡང་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡༥་དེ་ཅིག་བཏང་ཞིན་ན་ རྐྱབ་ཡོདཔ་ཨིན་མས།