གཟའ་ཉི་མ། ༢༠༡༨ ཟླ་༧ པའི་སྤྱི་ཚེས་༢༡

གྲོས་འཆར་བཙུགས་ཐངས་ཀྱི་སྐོར་ལས་ སྦྱོང་བརྡར་ལས་རིམ།

སྤྱི་ཟླ་༧ པའི་ཚེས་ ༡༡ ༢༠༡༨

༉ འབྲུག་རང་བཞིན་གནས་སྟངས་ཉམས་སྲུང་བློ་གཏད་མ་དངུལ་གྱིས་ རང་བཞིན་གནས་སྟངས་ཉམས་སྲུང་དང་འབྲེལ་བའི་ གྲོས་འཆར་བཙུགས་ཐངས་ཀྱི་སྐོར་ལས་ སྦྱོང་བརྡར་འབྱིན་པའི་ བསྒང་རང་འདུག

འདི་ཡང་ འབྲུག་རང་བཞིན་གནས་སྟངས་ཉམས་སྲུང་བློ་གཏད་མ་དངུལ་གཞི་བཙུགས་འབད་དེ་ ལོ་༢༦་གི་རིང་ལུ་ མ་དངུལ་ཚུ་ འབྱིན་ཏེ་རང་ཡོད་རུང་ ད་ལྟོ་ཚུན་ མཐའ་འཁོར་ཉམས་སྲུང་གི་མ་དངུལ་དོན་ལུ་ གྲོས་འཆར་བཙུགས་མི་འདི་ རྫོང་ཁག་དང་རྒེད་འོག་ཚུ་དང་ཕྱདཔ་ད་ མང་ཤོས་རང་ ལྷན་ཁག་ཚུ་ནང་ལས་ཐོབ་ཡོདཔ་ཨིན་མས།

འདི་འབདཝ་ལས་ ད་རེས་ ཤར་ཕྱོགས་དང་དབུ་ཕྱོགས་རྫོངས་ཁག་ཚུ་གི་ འཆར་གཞི་དང་མཐའ་འཁོར་ དེ་ལས་ རྒེད་འོག་བདག་སྐྱོང་འགོ་དོཔན་ཚུ་ལུ་ མ་དངུལ་གྱི་དོན་ལུ་ གྲོས་འཆར་བྲིས་ཐངས་ཀྱི་སྐོར་ལས་ སྟོན་འབྱིན་མི་འདི་གི་ གྲོས་འཆར་བཙུགས་མི་ ཡར་སེར་འགྱོ་ཚུགས་པའི་ རེ་བ་འདུག

མ་དངུལ་ཚུ་ཡང་ མི་སྟོབས་ཀྱི་ལྕོགས་གྲུབ་གོང་འཕེལ་དང་ མཐའ་འཁོར་ཉམས་སྲུང་དང་འབྲེལ་བའི་ ལས་སྣ་ཚུ་དང་ མི་ཚུ་གི་མཐའ་དོན་ལུ་ མི་སྡེའི་དཔལ་འབྱོར་ཡར་དྲག་བཏང་ནི་གི་ ལས་སྣ་ཚུ་ལུ་ རྒྱབ་སྐྱོར་སྦེ་ འབྱིནམ་ཨིན་མས།

འབྲུག་རང་བཞིན་གནས་སྟངས་ཉམས་སྲུང་བློ་གཏད་མ་དངུལ་ནང་ལས་ ལས་རིམ་འགོ་དཔོན་རྡོ་རྗེ་གིས་སླབ་མི་ནང་ མ་དངུལ་གྱི་དོན་ལས་གྲོས་འཆར་བཙུགས་མི་ཚུ་ཡང་ གྲོས་འཆར་ལེགས་ཤོམ་སྦེ་བྲིས་ནི་ནང་ ལཱ་ཁག་བཏང་དོ་ཡོདཔ་ལས་ མཐའ་ཟུར་གྱི་མི་སྡེ་ཚུ་ལུ་ གཙོ་བོར་བསྟེན་ཏེ་ སྦྱོང་བརྡར་ཚུ་ འགོ་འདྲེན་འཐབ་དོ་ཡོདཔ་སྦེ་བཤད་ཅི།

ཡིག་ཚང་འདི་ཡང་ འཛམ་གླིང་ནང་ལུ་ མཐའ་འཁོར་བློ་གཏད་མ་དངུལ་གྱི་ལས་སྡེ་འགོ་དང་པ་སྦེ་ སྤྱི་ལོ་༡༩༩༢་ལུ་ གཞུང་དང་འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་ དེ་ལས་ འཛམ་གླིང་རི་དྭགས་མ་དངུལ་ཚུ་གིས་ མཉམ་འབྲེལ་གྱི་ལས་རིམ་ཅིག་སྦེ་ གཞི་བཙུགས་འབད་ནུག