གཟའ་ཉི་མ། ༢༠༡༨ ཟླ་༡༡ པའི་སྤྱི་ཚེས་༡༧

ཨམ་སྲུ་ཚུ་གི་ ཊི་ཀྲཱོན་ཊི་གི་ ཀིརི་ཀེཊི་འགྲན་བསྡུར།

སྤྱི་ཟླ་༧ པའི་ཚེས་ ༡༡ ༢༠༡༨

༉ འབྲུག་ཀིརི་ཀེཊི་ཚོགས་སྡེ་གི་ ཨམ་སྲུ་ཚུ་གི་ཊི་ཀྲཱོན་ཊི་གི་ ཀིརི་ཀེཊི་འགྲན་བསྡུར་ནང་ལས་ དུས་ཅི་ཡང་ གསར་སྤང་གི་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཅི།

མཐའ་དཔྱད་འགྲན་བསྡུར་གྱི་སྐབས་ལུ་ སྡེ་ཚན་འདི་གིས་ ཌའི་གཱོན་ཟེར་མི་སྡེ་ཚན་འདི་ རཱཎ་༥༡་གིས་ ཕམ་བཏང་སྟེ་ཡོདཔ་ཨིན།

གསར་པ་གི་སྡེ་ཚན་འདི་གིས་ དང་པ་ བྷེ་ཊིང་རྐྱབ་པའི་སྐབས་ རཱཎ་༡༣༩་བཟོ་ཚུགས་ཏེ་ཡོདཔ་ཨིན།

འགྲན་བསྡུར་འདི་ནང་ལུ་ དུས་ཅི་ ཐིམ་ཕུག་དང་གསར་སྤང་ དེ་ལས་ སྤུ་ན་ཁ་ལས་ ཀིརི་ཀེཊི་སྡེ་ཚན་༤་གིས་ དོ་འགྲན་འབད་ཡི།

རྒྱལ་ཁ་ཐོབ་མི་ཚུ་ལུ་ རྒྱལ་རྟགས་དང་ཅིག་ཁར་ དངུལ་རྐྱང་གི་གསོལ་རས་ཚུ་ འབྱིན་ཡོདཔ་མ་ཚད་ རྩེད་འགྲན་པ་དྲག་ཤོས་ཚུ་ལུ་ཡང་ ངོ་རྐྱང་གི་གསོལ་རས་ཚུ་འབྱིན་ཡི།