གཟའ་མིག་དམར། ༢༠༡༨ ཟླ་༡༠ པའི་སྤྱི་ཚེས་༢༢

ཡོངས་འབྲེལ་ཐོག་གི་ དཔེ་མཛོད་གསར་བཏོན།

སྤྱི་ཟླ་༦ པའི་ཚེས་ ༡༥ ༢༠༡༨

 

༉ རྒྱལ་ཡོངས་དཔེ་མཛོད་དང་ཡིག་རིགས་གཏན་འཇོག་ཁང་གིས་ ད་རིས་ ཡོངས་འབྲེལ་ཐོག་གི་ དཔེ་མཛོད་ གསར་བཏོན་འབད་ཡི།

འདི་འབདཝ་ལས་ ད་ལས་ཕར་ མི་ཚུ་གིས་ རྒྱལ་ཡོངས་དཔེ་མཛོད་ཁང་ནང་ལུ་ཡོད་པའི་ དཔེ་མཛོད་ཚུ་བལྟ་ཚུགས་ནི་ཨིན་མས།

ལས་རིམ་འདི་ཡང་ རྒྱལ་སྤྱི་ཡིག་རིགས་གཏན་འཇོག་ཁང་གི་ ཉིནམ་ཐེངས་༣་པ་ བརྩི་སྲུང་འབད་མི་དང་འབྲེལ་ གསར་བཏོན་འབདཝ་ཨིན་མས།

རྒྱལ་སྤྱི་ཡིག་རིགས་གཏན་འཇོག་ཁང་གི་ ཡོངས་འབྲེལ་ཁ་བྱང་ཌབ་ལུ་ཌབ་ལུ་ཌོཊ་ཨེལ་ཨི་བྷི་ཨར་ཨེ་ཨར་བི་ཌོཊ་ཇཱི་ཨོ་ཝི་ཌོཊ་བྷི་ཊི་ནང་ལུ་འགྱོ་བ་ཅིན་ མི་ཚུ་གིས་ རྒྱལ་ཡོངས་དཔེ་མཛོད་ཁང་གི་དཔེ་མཛོད་དང་ ཡིག་ཆ་ཚུ་ག་ར་ བལྟ་ཚུགས་ནི་ཨིན་མས།

དཔེ་མཛོད་དེ་སྦེ་ ཡོངས་འབྲེལ་ཐོག་བཙུགས་མི་འདི་གིས་ རྒྱལ་ཁབ་ཀྱི་ལམ་སྲོལ་དང་ངོ་རྟགས་ཉམས་སྲུང་དང་ ཡར་དྲག་བཏང་ནི་ནང་ ཕན་ཐོགས་ཚུགས་པའི་རེ་བ་འདུག

རྒྱལ་ཡོངས་དཔེ་མཛོད་དང་ཡིག་རིགས་གཏན་འཇོག་ཁང་ནང་ལས་ གཏན་འཇོག་གཙོ་འཛིན་འགོ་དཔོན་ ཀུན་བཟང་བདེ་ལེགས་ཀྱིས་བཀོད་མི་ནང་ རང་ལུགས་ཀྱི་ ལམ་སྲོལ་གྱི་མཁས་མཆོད་གཞན་དང་མ་འདྲ་མི་ཚུ་ མི་ཉམས་རྒྱུན་སྐྱོང་འབད་བ་ཅིན་ ཡུན་རིང་གི་ནང་ལུ་ འདི་གིས་ རྒྱལ་ཁབ་ཀྱི་ངོ་རྟགས་ཚུ་ ཉམས་སྲུང་འབད་ནི་ལུ་ ལྷན་ཐབས་འབྱུང་འོང་ཟེར་བཤད་ཅི།

ད་རུང་ ཉིནམ་བརྩི་སྲུང་འབད་མི་དང་ཅིག་ཁར་ ད་རིས་ གཏན་འཇོག་འབད་དེ་ཡོད་པའི་དཔེ་མཛོད་དང་ཡིག་རིགས་ཚུ་ཡང་ འགྲེམ་སྟོན་འབད་ཡི།

འགྲེམ་སྟོན་འདི་ནང་ལུ་ ཆོས་ལུགས་དང་ལམ་སྲོལ་ དེ་ལས་ རྒྱལ་རབས་ཚུ་གི་སྐོར་ལས་ཡོད་པའི་ཡིག་ཆ་ཚུ་ཡོདཔ་ད་ ཡིག་ཆ་ལ་ལུ་ཅིག་ དུས་རབས་༨་པའི་ནང་གི་ ཡིག་ཆ་ཚུ་ཨིན་མས།

རྒྱལ་ཁབ་ནང་ལུ་ རྒྱལ་སྤྱི་ཡིག་རིགས་གཏན་འཇོག་གི་ཉིནམ་འདི་ འགོ་དང་པ་རང་ སྤྱི་ལོ་༢༠༡༦་ལུ་ བརྩི་སྲུང་འབད་ནུག