སྨད་འཚོ་རྒེད་འོག་ནང་ ཆུ་རུད་ལས་བརྟེན་ཏེ་གནོད་སྐྱོན། - འབྲུག༌རྒྱང༌བསྒྲགས། | འབྲུག༌རྒྱང༌བསྒྲགས།
གཟའ་སྤེན་པ། ༢༠༡༨ ཟླ་༨ པའི་སྤྱི་ཚེས་༡༧

སྨད་འཚོ་རྒེད་འོག་ནང་ ཆུ་རུད་ལས་བརྟེན་ཏེ་གནོད་སྐྱོན།

སྤྱི་ཟླ་༦ པའི་ཚེས་ ༡༥ ༢༠༡༨

༉ ལྷུན་རྩེ་ལུ་ ཁ་ཙ་ཕྱི་རུ་ ཆརཔ་ཤུགས་སྦེ་རང་རྐྱབ་མི་ལས་བརྟེན་ཏེ་ སྨད་འཚོ་རྒེད་འོག་ནང་ལུ་ཡོད་པའི་ སི་ལི་སྦིས་ཆུ་འབྲས་ནི་འདི་གིས་ རྒེད་འོག་འདི་ནང་ལུ་ ལམ་རྩི་ནག་བཏང་མི་ ཌའི་མོཌ་བཟོ་སྐྲུན་ལས་སྡེ་གི་ ལས་མི་གི་སྒར་ཚུ་ འཕྱག་འབག་ནུག

འདི་འབདཝ་ལས་ སྒར་འདི་ནང་སྡོད་མི་ ལས་མི་༨་ཀྱི་ལེབ་ཀྲོབ་དང་པར་སྐྲུན་འབད་ནི་གི་ འཕྲུལ་ཆས་ཚུ་རྩིས་ཏེ་ རྒྱུ་ཅ་ལ་ག་རང་ འཕྱག་འབག་ཡོདཔ་ཨིན་མས།

ཨིན་རུང་ ད་ལྟོ་ཚུན་ མིའི་ཚེ་སྲོག་ལུ་ བར་ཆད་རྐྱབ་ཡོད་པའི་སྙན་ཞུ་ཅིག་ ག་ནི་ཡང་མེདཔ་ཨིན།

ད་རུང་ ཆུ་རུད་འདི་གིས་ སྨད་འཚོ་རྒེད་འོག་ལྟེ་བའི་ལམ་ ཕྱེད་ཀ་དེ་ཅིག་རང་ མེདཔ་བཏང་སྟེ་ཡོདཔ་མ་ཚད་ ཟམ་༢ཡང་མེདཔ་བཏང་ནུག

འདི་བཟུམ་སྦེ་ གཙང་ཆུ་བྲས་མི་འདི་གིས་ མོ་ཊོར་བའེཀ་ཅིག་ཡང་ འཕྱག་འབག་སྟེ་ཡོད་པའི་ཁར་ སྣུམ་འཁོར་དག་པ་ཅིག་ཡང་ མེདཔ་བཏང་སྟེ་ཡོདཔ་སྦེ་བཤད་ཅི།

རྐྱེན་ངན་བྱུང་སའི་ས་སྒོ་ནང་ལུ་ རྫོང་ཁག་ནང་ལས་སྡེ་ཚན་ཅིག་གིས་ ཞིབ་དཔྱད་ཚུ་ འགོ་འདྲེན་འཐབ་པའི་བསྒང་རང་ཡོདཔ་ཨིན་མས།