གཟའ་མིག་དམར། ༢༠༡༨ ཟླ་༡༠ པའི་སྤྱི་ཚེས་༢༢

གསར་སྤང་ལུ་ ཚ་དྲོད་ཡར་སེང་འགྱོ་མི་ལུ་བརྟེན་ བྱ་༣༠༠ལྷགཔ་ཅིག་ཤི་ཡོདཔ།

སྤྱི་ཟླ་༦ པའི་ཚེས་ ༡༤ ༢༠༡༨

༉ གསར་སྤང་ལུ་ འཕྲལ་ཁམས་ཅིག་ཁར་ ཚ་དྲོད་ཡར་སེང་འགྱོ་མི་ལུ་བརྟེན་ ཤོམ་སྤང་ཁ་རྒེད་འོག་ནང་ལུ་ བྱ་བརྒྱ་ལས་བཅད་དེ་ ཤི་ཡོདཔ་སྦེ་ཨིན་མས།

གསར་སྤང་རྫོང་ཁག་ནང་ལུ་ ཉི་མ་ དྲོད་ཤུགས་ཀྱི་ཚད་ཌི་གྀ་སལ་ཤི་ཡསི་༣༠ལྷགཔ་ཅིག་ལུ་ ལྷོད་དོ་ཡོདཔ་ལས་ དར་རྒྱས་ཐང་གཡུས་ཚན་ནང་ལུ་ བྱ་༣༠༠ལྷགཔ་ཅིག་ ཤི་ཡོདཔ་སྦེ་ སྙན་ཞུ་འབད་དེ་འདུག

གསར་སྤང་བྱ་གསོ་སྐྱོང་མཉམ་ལས་ཚོགས་པའི་ཁྲི་འཛིན་ ཉི་མ་བླ་མ་གིས་སླབ་མི་ནང་ ཚ་དྲོད་ལས་བརྟེན་ཏེ་ གཡུས་ཚན་འདི་ནང་ལུ་ བྱ་གསོ་སྐྱོང་ཁང་༡༥ཡོད་ས་ལས་ གསོ་སྐྱོང་ཁང་༥ལུ་ གནོད་སྐྱོན་རྐྱབ་སྟེ་ཡོད་ཟེར་བཤད་ཅི།

འདི་འབདཝ་ལས་ མི་སེར་སོ་ནམ་པ་ཚུ་གིས་ བྱ་གསོ་སྐྱོང་ཁང་གི་ ཁྱིམ་ཐོག་གུ་ལས་ཕར་ ཆུ་གཏོར་ནི་དང་ སྒོ་ནོར་སྨན་པ་ཚུ་ལས་ རྒྱབ་སྐྱོར་ཚུ་ལེན་ཏེ་ ཐབས་ལམ་ཚུ་བཏོན་དོ་ཡོདཔ་ཨིན་མས།

བྱ་ཚུ་ ཚ་དྲོད་དང་ལྡནམ་སྦེ་བཞག་ནི་གི་དོན་ལུ་ གུལུ་ཀོསི་གི་ཆུ་བྱིན་དགོཔ་སྦེ་ སླབ་སྟེ་ཡོདཔ་མ་ཚད་ གསོ་སྐྱོང་ཁང་ནང་ལུ་ བསིལ་དྲོད་ཀྱི་མཐུན་རྐྱེན་ཚུ་བཙུགས་ཏེ་ འཛིན་སྐྱོང་ལེགས་ཞིམ་སྦེ་ འཐབ་དགོ་པའི་སྐོར་ལས་ཡང་ སླབ་སྟེ་འདུག

ཨིན་རུང་ འདས་པའི་ཉིནམ་དག་པ་ཅིག་གི་ནང་ལུ་ ཆརཔ་རྐྱབ་མི་འདི་གིས་ ཚ་དྲོད་འདི་ མར་ཕབ་འགྱོ་ནི་ འགོ་བཙུགས་ཏེ་ཡོདཔ་ཨིན་མས།