གཟའ་སྤེན་པ། ༢༠༡༩ ཟླ་༩ པའི་སྤྱི་ཚེས་༢༠

སྤའི་སྦང་དང་གོང་ཕུ་བར་ནའི་སོ་ནམ་ཞིང་ལམ་འདི་ སྣུམ་འཁོར་རྒྱུན་འགྲུལ་གྱི་དོན་ལུ་ སྒོ་ཕྱི་ནི་ཨིནམ།

སྤྱི་ཟླ་༦ པའི་ཚེས་ ༤ ༢༠༡༨

༉ གཞལ་སྒང་ལུ་ཡོད་པའི་ སྤའི་སྦང་དང་གོང་ཕུ་བར་ནའི་ སོ་ནམ་ཞིང་ལམ་འདི་ བདུན་ཕྲག་༡དེ་ཅིག་གི་ནང་འཁོད་ལུ་ སྣུམ་འཁོར་རྒྱུན་འགྲུལ་གྱི་དོན་ལས་ སྒོ་ཕྱི་ནི་ཨིན་མས།

སོ་ནམ་ཞིང་ལམ་འདི་ཡང་ ན་ཧིང་ གནམ་བྱཱར་གི་དུས་ལུ་ མེདཔ་ཐལ་བའི་ཤུལ་མ་ ལོ་༡དེ་ཅིག་གི་རིང་ལུ་ ལག་ལེན་འཐབ་མ་ཚུགས་པར་ལུས་ནུག

སོ་ནམ་ཞིང་ལམ་འདི་ གོང་ཕུ་དང་སྤན་བང་གི་གཞུང་ལམ་གཅིག་ཁར་ མཐུད་འབྲེལ་འབད་སའི་ས་སྒོ་ ལམ་རྒྱ་གྲམ་ལུ་ རྡོ་སྦོམ་ཅིག་གིས་སྦེ་སུབ་སྟེ་ཡོདཔ་ཨིན་མས།

 ཀི་ལོ་མི་ཊར་༢འབད་མི་ སོ་ནམ་ཞིང་ལམ་འདི་གི་ཆ་ཤས་དག་པ་ཅིག་ རྩ་བ་ལས་རང་ འཕྱགས་འབག་བའི་ཤུལ་མ་ ན་ཧིང་ གནམ་བྱཱར་ལས་ཚུར་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་མ་ཚུགས་པར་ལུས་ནུག

ས་གནས་ནང་གི་ མི་སེར་ཚུ་གིས་སླབ་མི་ནང་ སོ་ནམ་ཞིང་ལམ་འདི་ ཚར་གཅིག་སེལ་ཡོདཔ་ཨིན་རུང་ ཟླཝ་༡དེ་ཅིག་གི་རྒྱབ་ལས་ ལོག་སྟེ་རང་མེདཔ་ཐལ་ཡོདཔ་ལས་ རྒེད་འོག་གི་ཁ་ཐུག་ལས་ ལམ་འདི་སེལ་ཚུགས་པ་ཅིན་ སྤའི་བང་གཡུས་ཚན་ལུ་ ཕན་སྦོམ་སྦེ་རང་ཐོགས་འོང་ཟེར་བཤད་ཅི།

ཀྲོང་རྒེད་འོག་གི་ འགོ་དཔོན་ཚུ་གིས་བཀོད་མི་ནང་ སོ་ནམ་ཞིང་ལམ་སེལ་ནི་གི་ལཱ་འདི་ གཟའ་མིག་དམར་ལས་ཚུར་ འགོ་བཙུགས་ཏེ་ཡོདཔ་ལས་ ལམ་འདི་ཡང་ བདུན་ཕྲག་༡དེ་ཅིག་གི་ནང་འཁོད་ལུ་ སེལ་ཚར་འོང་ཟེར་ཨིན་མས།

ཨིན་རུང་ སྤྱི་ལོ་༢༠༡༦ལུ་ སེལ་ཡོད་པའི་ སོ་ནམ་ཞིང་ལམ་འདི་ཁར་ལས་ ད་རེས་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་མ་ཚུགས་པར་འདུག