གཟའ་མིག་དམར། ༢༠༡༨ ཟླ་༡༠ པའི་སྤྱི་ཚེས་༢༢

གནམ་སྟོང་པའི་ནང་ལུ་ འབྲུག་གི་འཕྲུལ་སྐར་བཏང་ནི་གི་གྲ་སྒྲིག

སྤྱི་ཟླ་༥ པའི་ཚེས་ ༡༨ ༢༠༡༨

༉ འབྲུག་པའི་ཀུ་ཡུབ་འཕྲུལ་སྐར་ འགོ་དང་པ་ཅིག་ཨིན་མི་ བྷུ་ཊན་བན་ཟེར་མི་འཕྲུལ་སྐར་འདི་ གནམ་སྟོང་པའི་ནང་ལུ་ ཤུལ་མའི་ཟླཝ་གི་སྤྱི་ཚེས་༢༨་ཀྱི་ཕྱི་རུ་བཏང་ནི་སྦེ་ གྲ་སྒྲིག་འདུག

ཀུ་ཡུབ་སེཊ་འདི་ཡང་ བའཌ་ཊུ་ཟེར་མི་ལས་འགུལ་གྱི་ཐོག་ལས་ བཟོ་ཡོདཔ་ཨིན་མས།

ཀུ་ཡུབ་སེཊ་འཕྲུལ་སྐར་འདི་ ཡུ་ཨེས་ཨེ་གི་ ཕོལ་རི་ཌ་གི་ ཀེབ་ཀེ་ན་བྷལ་ཁྲོམ་ཚོགས་ནང་ལས་སྦེ་ བཏང་ནི་ཨིན་མས།

འབྲུག་དང་ཕི་ལི་པེནས་ དེ་ལས་ མ་ལ་ཤི་ཡ་གི་ཀུ་ཡུབ་སེཊ་འདི་ཚུ་ ཇ་པཱན་གྱི་ཨི་པེས་ལས་སྡེ་གིས་ ཁ་ཙ་ རྒྱལ་ཡོངས་ཨེ་རོ་ནའུ་ཊིག་དང་ ཨིས་པེས་བདག་སྐྱོང་ཟེར་མི་ལུ་ སྤྲོད་དེ་འདུག