གཟའ་པ་སངས། ༢༠༡༨ ཟླ་༥ པའི་སྤྱི་ཚེས་༢༤

བཟའ་འཐུང་དང་ཟས་བཅུད་ཀྱི་ གསར་གཏོད་ལས་རིམ།

སྤྱི་ཟླ་༥ པའི་ཚེས་ ༡༨ ༢༠༡༨

༉ ཆུ་ཁ་རྫོང་ཁག་འོག་གི་ རྒེད་འོག་༤གི་ནང་ལས་ ན་གཞོན་༢༠མ་ལངམ་ཅིག་གིས་ ད་རེས་ འགོ་དང་པ་འགོ་འདྲེན་འཐབ་མི་ བཟའ་འཐུང་དང་ཟས་བཅུད་ཀྱི་ ཉེན་སྲུང་ཡར་དྲག་བཏང་ནི་གི་དོན་ལུ་ ཐབས་རིག་བཏོན་ནི་གི་ལས་རིམ་ནང་ལུ་ གྲལ་ཁར་གཏོགས་པའི་བསྒང་འདུག

ཉིནམ་༤གི་ ལས་རིམ་འདི་ཡང་ མ་འོངས་པའི་ནང་ལུ་ སོ་ནམ་ལཱ་ཚུ་ འབད་བའི་སྐབས་ལུ་ ན་གཞོན་ཚུ་གིས་ འགྱུར་བཅོས་ཚུ་ འབག་ཚུགས་པའི་ དམིགས་གཏད་བསྐྱེད་དེ་ འགོ་འདྲེན་འཐབ་ཨིན་མས།

ལས་རིམ་འདི་ནང་ གྲལ་གཏོགས་འབད་མི་ཚུ་གི་ བཞེས་སྒོ་འཕྲོ་བརླག་འགྱོ་ནི་ལས་ མར་ཕབ་འབད་ནི་དང་ ནང་འཁོད་ལས་འཐོན་པའི་ འཐེན་སྐྱེད་ཚུ་ སྒམ་བརྐྱབ་ཐངས་ དེ་ལས་ ཟས་བཅུད་ཚུ་གི་སྐོར་ལས་ ཐབས་ཤེས་གནས་སྐབས་ཚུ་ བརྗེ་སོར་འབད་ནི་འདུག

ཁོང་ཆ་ཁྱབ་ཀྱི་ ཐབས་ཤེས་ཚུ་ཡང་ རྒེད་འོག་གི་གནས་ཚད་ཁ་ལས་ གདམ་འཐུ་འབད་དེ་ཡོདཔ་ལས་ བཅའ་མར་གཏོགས་མི་ཚུ་གིས་ ལོག་གཡུས་ཁ་ལུ་ལྷོདཔ་ད་ ལག་ལེན་འཐབ་ཚུགས་པའི་ རེ་བ་འདུག

ལས་རིམ་འདི་ནང་ལས་ ཐབས་ཤེས་དྲག་ཤོས་༥འདི་ ཤུལ་མའི་ཟླཝ་ནང་ ཐིམ་ཕུག་ལུ་སྦེ་ འགོ་འདྲེན་འཐབ་ནི་ཨིན་མི་ མཐའ་དཔྱད་ལས་རིམ་གྱི་དོན་ལུ་ གདམ་འཐུ་འབད་ནི་ཨིན་མས།

འདི་འབདཝ་ལས་ ཐབས་རིག་དྲག་ཤོས་༣གྱིས་ སོ་ནམ་ལས་ཁུངས་ནང་ལས་ ཁྱད་རིག་གི་ རྒྱབ་སྐྱོར་ཚུ་ ཐོབ་ནི་ཨིན་མས།

ན་གཞོན་གསར་གཏོད་ཀྱི་ལས་རིམ་འདི་ ཧཱ་ལུ་ཡང་ འགོ་འདྲེན་འཐབ་ནི་གི་ ལས་རིམ་འདུག