གཟའ་མིག་དམར། ༢༠༡༨ ཟླ་༡༠ པའི་སྤྱི་ཚེས་༢༢

ཅོག་རིལ་རྩེད་འགྲན་ཐེངས་༢༠་པ།

སྤྱི་ཟླ་༥ པའི་ཚེས་ ༡༨ ༢༠༡༨

༉ འབྲུག་ཨོ་ལོམ་པིག་ཚོགས་དང་ ཕུ་ན་ཀཱོ་ཤཱི་གི་ ཊེ་བྷལ་ཊེ་ནིས་གི་ འགྲན་བསྡུར་ཐེངས་༢༠པ་འདི་ ཁ་ཙ་ལས་ ཐིམ་ཕུག་ལུ་སྦེ་ འགོ་འདྲེན་འཐབ་ནི་འགོ་བཙུགས་ཏེ་ཡོདཔ་ཨིན།

ཉིནམ་༤གི་ལས་རིམ་འདི་ནང་ལུ་ ཐིམ་ཕུག་ནང་འཁོད་ཀྱི་ སློབ་གྲྭ་དང་ལས་སྡེ་ཁག་མ་འདྲཝ་ཚུ་གི་ནང་ལས་ མི་བརྒྱ་ལྷགཔ་ཅིག་གིས་ བཅའ་མར་གཏོགས་དོ་ཡོདཔ་ཨིན་མས།

འགྲན་བསྡུར་འདི་ནང་ལུ་ ད་ལྟོ་ཚུན་ གྲལ་ཁར་གཏོགས་མི་གི་གྱངས་ཁ་དེ་སྦེ་ཐོན་མི་འདི་ མཐོ་ཤོས་ཅིག་ཨིནམ་སྦེ་བཤད་ཅི།

འགྲན་བསྡུར་འདི་ནང་ལས་ འབྲུག་ ཊེ་བྷལ་ཊེ་ནིས་ཚོགས་པ་གིས་ རྒྱལ་སྤྱིའི་རྩེད་འགྲན་ལས་རིམ་ཚུ་ནང་ལས་ཕར་ བཅའ་མར་གཏོགས་པར་བཏང་ནི་གི་དོན་ལུ་ རྩེད་འགྲན་པ་དྲག་ཤོས་ཚུ་ གདམ་འཐུ་འབད་དེ་ སྦྱོང་བརྡར་ཚུ་འབྱིན་ནི་ཨིན་མས།