ཀྲོང་གསར་ལུ་ རྐང་རྩེད་འགྲན་བསྡུར། - འབྲུག༌རྒྱང༌བསྒྲགས། | འབྲུག༌རྒྱང༌བསྒྲགས།
གཟའ་ཉི་མ། ༢༠༡༨ ཟླ་༨ པའི་སྤྱི་ཚེས་༡༨

ཀྲོང་གསར་ལུ་ རྐང་རྩེད་འགྲན་བསྡུར།

སྤྱི་ཟླ་༥ པའི་ཚེས་ ༡༨ ༢༠༡༨

༉ ཀྲོང་གསར་ལུ་ རྐང་རྩེད་འགྲན་བསྡུར་ཅིག་འགོ་འདྲེན་འཐབ་མི་ནང་ལས་ སྐད་ཡིག་དང་ལམ་སྲོལ་མཐོ་རིམ་སློབ་གྲྭའི་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ནུག

ཁ་ཙ་ རྩེད་འགྲན་འབད་དེ་ཡོད་པའི་ མཐའ་དཔྱད་འགྲན་བསྡུར་ནང་ལུ་ རིག་གཞུང་སྡེ་ཚན་གྱིས་ བོས་ཏ་སྡེ་ཚན་ལུ་ གཱོལ་༤བཙུགས་ཡོདཔ་ཨིན་རུང་ བོས་ཏ་སྡེ་ཚན་འདི་གིས་ གཱོལ་ཅིག་ཡང་བཙུགས་མ་ཚུགས་པས།

རྐང་རྩེད་འགྲན་བསྡུར་ཐེངས་༧་པ་འདི་ནང་ལུ་ ད་རེས་ སྡེ་ཚན་༢༡་གིས་ དོ་འགྲན་འབད་དེ་ཡོདཔ་ཨིན།