གཟའ་སྤེན་པ། ༢༠༡༩ ཟླ་༡༡ པའི་སྤྱི་ཚེས་༢༢

དྲོད་བཏགས་ནི་གི་ འཕྲུལ་རིག་འདི་ མཐར་འཁྱོལ་འབྱུང་ཡོདཔ།

སྤྱི་ཟླ་༤ པའི་ཚེས་ ༣ ༢༠༡༨

 ༉ མགར་ས་ལུ་ མོ་བཏབ་ཀྱི་ཐོག་ལས་ འགོ་བཙུགས་ཡོད་མི་ དགུ་དུལ་ཟེར་ ཀོ་རི་ཡན་རྒྱལ་ཁབ་ཀྱི་ རང་ལུགས་ཐོག་ལས་ ཁང་མིག་དྲོད་བཏགས་ནི་གི་འཕྲུལ་རིག་འདི་ མཐར་འཁྱོལ་ཅན་ཅིག་སྦེ་ འགྱོ་སྟེ་འདུག

འཕྲུལ་རིག་ལམ་ལུགས་འདི་གིས་ ཁང་མིག་ཚུ་ དྲོད་བཏགས་ནི་གི་དོན་ལས་ ཐབ་ཤིང་ཚུ་མེ་བཏང་པའི་སྐབས་ལུ་ འཐོན་མི་དུ་པ་ཚུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་མས།

ལམ་ལུགས་འདི་ཡང་ ལྷོ་ཀོ་རི་ཡ་གི་ དགུ་དུལ་ནང་ལུ་ དྲག་ཤོས་༢པ་ཨིན་མི་ མས་ཊར་དཱོང་གཱ་ཁ་ཀིམ་གྱིས་ གཞི་བཙུགས་འབད་ཡོདཔ་ཨིན་མས།

ཁོ་གིས་ ཁང་མིག་དྲོད་བཏག་ནི་དོན་ལུ་ ཐབ་ཤིང་ཚུ་ཕྱི་ཁར་མེ་བཏང་སྟེ་ བཟོ་དོ་ཡོདཔ་ད་ ཐབ་ཤིང་དུམ་༧གྱིས་ ཉིནམ་ཅིག་ལྷགཔ་ཅིག་ དྲོད་འཐོན་ནི་འདུག

མོ་བཏབ་ཀྱི་ཁང་མིག་འདི་ཡང་ མགར་ས་ རྫོང་བདག་རྡོ་རྗེ་དགྲ་འདུལ་གྱི་ ཁང་མིག་ཅིག་ནང་ལུ་ གཞི་བཙུགས་འབད་དེ་ཡོདཔ་ད་ འདི་ལུ་ཁོ་གིས་སླབ་མི་ནང་ འཕྲུལ་རིག་འདི་ལས་བརྟེན་ཏེ་ རྐང་ཚིགས་ལག་ཚིགས་ཀྱི་ནད་གཞི་དང་ རུ་ཏོ་གི་ནད་གཞི་ དེ་ལས་ པགས་ཀོ་གི་ནད་གཞི་ཚུ་ ལུ་ཕན་ཐོགས་འབྱུང་འོང་ཟེར་བཤད་ཅི།

འོས་འབབ་བརྟག་ཞིབ་ཅིག་ འགོ་འདྲེན་འཐབ་པའི་སྐབས་ འཕྲུལ་རིག་འདི་ལས་བརྟེན་ཏེ་ ལུང་ནག་ན་ལུ་སྡོད་མི་ཚུ་གིས་ ལོ་བསྟར་བཞིན་དུ་ དངུལ་ཀྲམ་ས་ཡ་༣གནས་པའི་ ཐབ་ཤིང་ཚུ་གསོག་འབད་ཚུགས་པའི་ འོས་འབབ་མཐོང་ནུག

ད་རུང་ འདི་བཟུམ་གྱི་ལས་འགུལ་འདི་ མོ་བཏབ་ཐོག་ལས་ ཧཱ་རྫོང་ཁག་ནང་ལུ་ཡང་ འགོ་བཙུགས་ནི་ཨིན་མས།