གཟའ་པ་སངས། ༢༠༡༨ ཟླ་༤ པའི་སྤྱི་ཚེས་༢༦

མི་དབང་རྒྱལ་ཡུམ་ ཚེ་རིང་པདྨོ་དབང་ཕྱུག་མཆོག་གིས་ ཐིམ་ཕུག་གཙོ་བསྟེན་སྨན་ཁང་ལུ་ ཞལ་འདེབས།

སྤྱི་ཟླ་༣ པའི་ཚེས་ ༡༦ ༢༠༡༨

༉ མི་དབང་རྒྱལ་ཡུམ་ ཚེ་རིང་པདྨོ་དབང་ཕྱུག་མཆོག་གིས་ ཁ་ཙ་ ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ཨ་ལོའི་སྨན་བཅོས་ཚབས་ཆེན་སྡེ་ཕྲན་ལུ་ དངུལ་ཀྲམ་ས་ཡ་༦ ཞལ་འདེབས་གནང་ནུག

མ་དངུལ་འདི་ཡང་ གཙོ་བསྟེན་སྨན་ཁང་གིས་ སྨན་བཅོས་ཚབས་ཆེན་སྡེ་ཕྲན་ནང་ལུ་ ཨ་ལོ་མང་སུ་ཅིག་ལུ་ ཚབས་ཆེན་གྱི་སྨན་བཅོས་ཚུ་ བྱིན་ནི་ནང་ ལག་ལེན་འཐབ་ནི་ཨིན་པས།

མི་དབང་རྒྱལ་ཡུམ་མཆོག་གིས་ ཞལ་འདེབས་སྦེ་གནང་མི་ མ་དངུལ་འདི་གིས་ སྨན་བཅོས་ཚབས་ཆེན་སྡེ་ཕྲན་ནང་ལུ་ དགོས་མཁོ་བའི་ཅ་ཆས་དང་སྦྲགས་ཏེ་ཡོད་པའི་ ཉལ་ཁྲི་ཆ་ཚང་༢མཁོ་སྒྲུབ་འབད་ནི་ཨིན་པས།

མི་དབང་རྒྱལ་ཡུམ་མཆོག་གིས་ ཞལ་འདེབས་གནང་ཚར་བའི་ཤུལ་མ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ལས་ཁུངས་དང་སྡེ་ཚན་ཚུ་གི་ འགོ་འཛིན་ཚུ་དང་གཅིག་ཁར་ མཇལ་འཕྲད་གནང་ནུག