གཟའ་སྤེན་པ། ༢༠༡༩ ཟླ་༤ པའི་སྤྱི་ཚེས་༡༩

ཐིམ་ཕུག་གི་ཁྲིམས་སྲུང་འགག་པ་གིས་ སྨྱོ་རྫས་འབག་སྟེ་ཡོད་མི་ དོགས་པ་ཅན་གྱི་ཕོ་སྐྱེས་༡བཟུང་ཡོདཔ།

སྤྱི་ཟླ་༣ པའི་ཚེས་ ༡༦ ༢༠༡༨

༉ ཐིམ་ཕུག་གི་ཁྲིམས་སྲུང་འགག་པ་གིས་ གཟའ་ལྷགཔ་གི་ཚེས་ ཁྲིམས་འགལ་གྱི་ཐོག་ལས་ བཀག་དམ་འབད་དེ་ཡོད་པའི་ སྨྱོ་རྫས་འབག་སྟེ་ཡོད་མི་ལུ་བརྟེན་ དོགས་པ་ཅན་གྱི་ཕོ་སྐྱེས་༡བཟུང་ནུག

སྐྱེ་ལོ་༢༦ལང་མི་ གླ་འཁོར་དེད་གཡོགཔ་འདི་གིས་ སྨྱོ་རྫས་ཨེསི་པི་པལསི་ ཕུད་རྡོག་སྟོང་ཕྲག་༢ལྷགཔ་ཅིག་ འབག་སྟེ་ཡོདཔ་སྦེ་ཨིནམ་ད་ ཕོ་སྐྱེས་འདི་ ཁྲོམ་ཁ་ལས་བཟུང་ཡོདཔ་ཨིན་པས།

འདི་གི་ཤུལ་ལས་ ཁྲིམས་སྲུང་འགག་པ་གིས་ གནད་དོན་འདི་དང་འབྲེལ་བ་ཡོད་པའི་ དོགས་པ་ཅན་འདི་གི་ ཕོ་རྒནམོ་འདི་ སྤུ་ན་ཁ་ལས་བཟུང་ཡོདཔ་ཨིན་པས།

འདི་བཟུམ་སྦེ་ ཁྲིམས་སྲུང་འགག་པ་གིས་ ཁོང་དོགས་པ་ཅན་གཉིསཔ་ཆ་རང་ སྨྱོ་རྫས་སྤྱོད་དེ་ཡོདཔ་སྦེ་ བརྟག་དཔྱད་འབད་ནུག

ཐིམ་ཕུག་གི་ ཁྲིམས་སྲུང་འགག་པ་གིས་ དུས་ཅི་རང་ བཀག་དམ་འབད་དེ་ཡོད་པའི་ སྨྱོ་རྫས་འབག་སྟེ་ཡོད་མི་ལུ་བརྟེན་ མི་༩༨བཟུང་ཡོདཔ་ད་ འདི་ཚུ་གི་གྲལ་ལས་ ཕྱེད་ཀ་ལྷགཔ་ཅིག་རང་ ན་གཞོན་ཚུ་ཨིན་པས།