རྩི་རང་ཁྲོམ་ཁ་ལུ་ གསང་སྤྱོད་རྐྱབ་མི་ལུ་བརྟེན་ ཆབ་གསང་ཚུ་ སྤང་ནང་ལས་ཕར་བཏང་དགོཔ་མི་འཐོན་ནི་ཨིནམ། - འབྲུག༌རྒྱང༌བསྒྲགས། | འབྲུག༌རྒྱང༌བསྒྲགས།
གཟའ་པ་སངས། ༢༠༡༨ ཟླ་༨ པའི་སྤྱི་ཚེས་༡༦

རྩི་རང་ཁྲོམ་ཁ་ལུ་ གསང་སྤྱོད་རྐྱབ་མི་ལུ་བརྟེན་ ཆབ་གསང་ཚུ་ སྤང་ནང་ལས་ཕར་བཏང་དགོཔ་མི་འཐོན་ནི་ཨིནམ།

སྤྱི་ཟླ་༢ པའི་ཚེས་ ༡༤ ༢༠༡༨

 

༉ རྩི་རང་ཁྲོམ་ཁ་ལུ་འགྱོ་མི་ཚུ་གིས་ ད་ལས་ཕར་ ཆབ་གསང་ཚུ་བཏང་དགོ་པ་ཅིན་ སྟབས་མ་བདེཝ་མི་ཐོན་ནི་ཨིན་མས།

འདི་ཡང་ མི་མང་གི་ཆབ་གསང་ གཡོག་རང་བཀལ་མ་བཏུབ་སྦེ་ཡོད་མི་འདི་ དེ་རེས་ ཕོ་སྐྱེས་དང་ཨམ་སྲུ་གི་དོན་ལུ་ ཁང་མིག་༦་རེ་བཟོ་སྟེ་ ཉམས་བཅོས་འབད་ཚར་ཏེ་ ཡོད་ནི་འདི་གིས་ཨིན་མས།

ད་རུང་ ཆབ་གསང་འདི་ནང་ལུ་ ཆུ་གི་མཐུན་རྐྱེན་ཡང་ ལེགས་ཤོམ་བཙུགས་ཏེ་ཡོདཔ་མ་ཚད་ བདག་འཛིན་འཐབ་མི་ཅིག་ཡང་ བཙུགས་ཏེ་འདུག

ཆབ་གསང་ཚར་རེ་ལག་ལེན་འཐབ་པའི་སྐབས་ མི་རེ་ལས་ དངུལ་ཀྲམ་༥་རེ་ལེནམ་ཨིན་མས།

གསང་སྤྱོད་འདི་ སྤྱི་ལོ་༢༠༡༢་ལུ་རྐྱབ་སྟེ་ཡོད་རུང་ མི་ཚུ་གིས་ ལེགས་ཤོམ་སྦེ་ གཡོག་མ་བཀལ་ནི་འདི་གིས་ ལག་ལེན་འཐབ་མ་བཏུབ་ ཐལ་ནུག

ཉིན་བསྟར་བཞིན་དུ་ ཆབ་གསང་གཡོག་བཀལ་མི་ མི་༡༠་ལས་༡༥་གི་བར་ན་ འོང་དོ་ཡོདཔ་ཨིན་རུང་ བདུན་ཕྲག་ངལ་གསོ་གི་སྐབས་ལུ་ མི་ཤོང་མ་ཤོངམ་སྦེ་ འོང་དོ་ཡོདཔ་ཨིན་མས།

མི་ཚུ་གིས་སླབ་མི་ནང་ ད་རེས་ ཁྱབ་གསང་གི་ མཐུན་རྐྱེན་ལེགས་ཤོམ་ཡོདཔ་ལས་ ཧེ་མ་བཟུམ་སྦེ་ མི་ཚུ་གིས་ སྤང་ནང་ལས་ཕར་ ཆབ་གསང་བཏང་མི་འདི་ དེ་ཅིག་རང་ མི་ཐོན་པས་ཟེར་བཤད་ཅི།

འདི་བཟུམ་སྦེ་ ད་རུང་རང་ མི་མང་གི་ཆབ་གསང་ཅིག་འདི་ རྐང་རྩེད་ཐང་གི་སྦོ་ལོགས་ཁ་ལུ་ རྐྱབ་པའི་བསྒང་རང་འདུག

མི་མང་གི་ཆབ་གསང་དེ་སྦེ་རྐྱབ་ཚུགས་ནི་འདི་གིས་ འགྲམ་ཕུག་ཁྲོམ་སྡེ་ཡིག་ཚང་གིས་ ཁྲོམ་འདི་ཁ་ལུ་ གཙང་སྦྲ་ཡང་ བསྟེན་ཚུགས་པའི་ རེ་བ་སྐྱེདཔ་ཨིན་མས།