གཞལ་སྒང་ལུ་ མི་སེར་ཚུ་ལུ་ མི་ཁུངས་ངོ་སྤྲོད་ལག་ཁྱེར་མ་འཐོབ་པར་ ལོ་༢་ལྷགཔ་ཅིག་ལང་དོ་ཡོདཔ། - འབྲུག༌རྒྱང༌བསྒྲགས། | འབྲུག༌རྒྱང༌བསྒྲགས།
གཟའ་ཕུར་བུ། ༢༠༡༨ ཟླ་༨ པའི་སྤྱི་ཚེས་༡༥

གཞལ་སྒང་ལུ་ མི་སེར་ཚུ་ལུ་ མི་ཁུངས་ངོ་སྤྲོད་ལག་ཁྱེར་མ་འཐོབ་པར་ ལོ་༢་ལྷགཔ་ཅིག་ལང་དོ་ཡོདཔ།

སྤྱི་ཟླ་༢ པའི་ཚེས་ ༡༤ ༢༠༡༨

༉ གཞལ་སྒང་ལུ་ མི་སེར་སྟོང་ཕྲག་ལས་བཅད་མི་ཚུ་ ཁོང་རའི་ མི་ཁུངས་ངོ་སྤྲོད་ལག་ཁྱེར་ལེན་ནི་དོན་ལུ་ བསྒུག་སྟེ་རང་འདུག

མི་སེར་ཚུ་གིས་སླབ་མི་ནང་ ཁོང་ཆ་ཁྱབ་ཀྱིས་ མི་ཁུངས་ངོ་སྤྲོད་ལག་ཁྱེར་བཟོ་ནི་དོན་ལས་ པར་ཚུ་བཏབ་སྟེ་ ལོ་༢་ལྷགཔ་ཅིག་ཡང་ སོང་སྟེ་ཡོད་ཟེར་བཤད་ཅི།

མི་ཚུ་གིས་ ད་རེས་ བཙག་འཐུ་གི་དུས་ཚོད་འདི་ རན་དོ་ཡོད་མི་དང་འབྲེལ་ མི་ཁུངས་ངོ་སྤྲོད་ལག་ཁྱེར་འདི་ དུས་ཚོད་ འ་ནེམ་གཅིག་ཁར་ ཁོང་གི་ལག་པ་ལུ་ ལྷོད་དགོཔ་འདི་ ཁག་ཆེཝ་སྦེ་རང་ཡོདཔ་སྦེ་ འཚོར་ཏེ་འདུག

གཞལ་སྒང་གི་ མི་སེར་མང་ཤོས་ཅིག་གིས་རང་ མི་ཁུངས་ངོ་སྤྲོད་ལག་ཁྱེར་བཟོ་ནི་གི་དོན་ལུ་ དུས་ཡུན་རིངམོ་སྦེ་རང་ འགོར་ཏེ་ཡོད་ཟེར་བཤད་ཅི།

མི་ཁུངས་ངོ་སྤྲོད་ལག་ཁྱེར་བཟོ་ནི་གི་དོན་ལུ་ མི་སེར་སྟོང་ཕྲག་༡༠་ལྷགཔ་ཅིག་གིས་ པར་ཚུ་བཏབ་སྟེ་ཡོད་རུང་ ངོ་སྤྲོད་ལག་ཁྱེར་འདི་ ད་རེས་ ཁོང་མི་ངོམ་ སྟོང་ཕྲག་༤་ལྷགཔ་ཅིག་གི་རྐྱངམ་གཅིག་ ཐོབ་སྟེ་ཡོདཔ་ཨིན་མས།

གཞལ་སྒང་རྫོང་ཁག་གི་ མི་རྩིས་ཐོ་བཀོད་འགོ་དཔོན་གྱིས་ ཁོ་ར་ད་རེས་ མི་ཁུངས་ངོ་སྤྲོད་ལག་ཁྱེར་གཞན་མི་ཚུ་ པར་བཏབ་ནི་གི་དོན་ལས་ ཐིམ་ཕུག་ལུ་ལྷོད་དེ་ཡོདཔ་སྦེ་ སླབ་ཡོདཔ་མ་གཏོགས་ གཞན་མི་ག་ནི་ཡང་ སླབ་མ་བཏུབ་ཨིན།

གཞལ་སྒང་རྫོང་ཁག་ནང་ལུ་ ད་རེས་ མི་རློབས་སྟོང་ཕྲག་༢༧་ལྷགཔ་ཅིག་འདུག

གནད་དོན་འདི་ ད་རེས་ཚོགས་པའི་བསྒང་ཡོད་མི་ རྫོང་ཁག་ཚོགས་འདུས་ནང་ལུ་ཡང་ གྲོས་བསྡུར་འབད་ནི་སྦེ་འདུག