གཟའ་ཉི་མ། ༢༠༡༩ ཟླ་༡ པའི་སྤྱི་ཚེས་༡༩

བསམ་གྲུབ་ལྗོངས་མཁར་ལུ་ མི་དབང་རྒྱལ་སྲས་མདའ་རྩེད་འགྲན་བསྡུར་ འགོ་འདྲེན་འཐབ་ཡོདཔ།

སྤྱི་ཟླ་༢ པའི་ཚེས་ ༩ ༢༠༡༨

༉ བསམ་གྲུབ་ལྗོངས་མཁར་ལུ་ རང་ལུགས་ཀྱི་ མི་དབང་རྒྱལ་སྲས་མདའ་རྩེད་འགྲན་བསྡུར་ འགོ་འདྲེན་འཐབ་མི་ནང་ལས་ རི་ཆང་ལུ་ཟེར་མི་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ནུག

ཁ་ཉིནམ་ འགོ་འདྲེན་འཐབ་མི་ མཐའ་དཔྱད་འགྲན་བསྡུར་གྱི་སྐབས་ལུ་ རི་ཆང་ལུ་དང་ གསེར་མདའ་ དེ་ལས་ སྤྲོ་བ་ལྔ་ཟེར་མི་སྡེ་ཚན་ཚུ་གི་བར་ན་ རྩེད་འགྲན་འབད་ཡོདཔ་ཨིན་མས།

ད་ལས་ཕར་ ལོ་བསྟར་བཞིན་དུ་རང་ འགོ་འདྲེན་འཐབ་ནི་ཨིན་མི་ མི་དབང་རྒྱལ་སྲས་ མདའ་རྩེད་འགྲན་བསྡུར་ནང་ལུ་ སྡེ་ཚན་༩་གིས་ གྲལ་ཁར་གཏོགས་ནུག

མདའ་རྩེད་འགྲན་བསྡུར་འདི་ཡང་ བསམ་གྲུབ་ལྗོངས་མཁར་ རྩེད་རིག་ཚོགས་པ་གིས་ འགོ་འདྲེན་འཐབ་ཡོདཔ་ཨིན་མས།