གཟའ་སྤེན་པ། ༢༠༡༨ ཟླ་༡༠ པའི་སྤྱི་ཚེས་༡༩

རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ ད་ལྟོ་ཚུན་ཚོད་མི་ངོམ་༡༦༥་གིས་ ཐོ་བཀོད་འབད་དེ་ཡོདཔ།

སྤྱི་ཟླ་༡ པའི་ཚེས་ ༡༢ ༢༠༡༨

 

༉ རྒྱལ་ཡོངས་ཚོགས་སྡེ་གི་བཙག་འཐུའི་དོན་ལུ་ འདས་པའི་ཟླཝ་འགོ་བཙུགས་ཁམས་ཅིག་ཁར་ ད་རུང་རང་ དང་འདོད་ཅན་གྱི་མི་ངོམ་༡༥་གིས་ ཐོ་བཀོད་འབད་ཡོདཔ་ཨིན་མས།

འདི་འབདཝ་ལས་ འབྲུག་གི་བཙག་འཐུ་ལྷན་ཚོགས་དང་འཁྲིལ་བ་ཅིན་ རྒྱལ་ཡོངས་ཚོགས་སྡེ་གི་བཙག་འཐུའི་དོན་ལུ་ དང་འདོད་ཅན་གྱི་མི་ངོམ་ཐོ་བཀོད་འབད་མི་གི་གྱངས་ཁ་འདི་ ༡༦༥ ལུ་ལྷོད་དེ་ཡོདཔ་སྦེ་ཨིན་མས།

རྒྱལ་ཡོངས་ཚོགས་སྡེ་གི་བཙག་འཐུའི་བྱ་རིམ་ཚུ་ ཤུལ་མའི་ཟླཝ་ནང་ལས་རང་ འགོ་བཙུགས་ནི་བཟུམ་ཡོད་རུང་ བཙག་འཐུ་འདི་ དུས་ཅི་ སྤྱི་ཟླ་༣་པའི་ནང་ལས་ འགོ་འདྲེན་འཐབ་ནི་ཨིན་མས།

དེ་ལས་ རྒྱལ་ཡོངས་ཚོགས་འདུ་གི་བཙག་འཐུ་འདི་ཡང་ དུས་ཅི་ སྤྱི་ཟླ་༡༠་པ་ནང་ལུ་ འགོ་འདྲེན་འཐབ་ཚུགས་པའི་རེ་བ་འདུག