གཟའ་ཉི་མ། ༢༠༡༨ ཟླ་༤ པའི་སྤྱི་ཚེས་༢༡

ཁྲིམས་བཟོ་ཟིན་འབྲི་བཏབ་ཐངས་ཀྱི་ སྦྱོང་བརྡར་ལས་རིམ།

སྤྱི་ཟླ་༡ པའི་ཚེས་ ༡༢ ༢༠༡༨

༉ འབྲུག་རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེ་གིས་ ཐིམ་ཕུག་ལུ་སྦེ་ ལས་འཛིན་མ་འདྲཝ་ཚུ་ནང་ལས་ མི་ངོམ་ཚུ་ལུ་ ཉིནམ་༣་གྱི་རིང་ ཁྲིམས་བཟོ་ཟིན་འབྲི་བཏབ་ཐངས་ཀྱི་ སྦྱོང་བརྡར་ཅིག་ འགོ་འདྲེན་འཐབ་པའི་བསྒང་ར་འདུག

སྦྱོང་བརྡར་འདི་ལས་བརྟེན་ཏེ་ བཅའ་མར་གཏོགས་མི་ཚུ་ལུ་ ཁྲིམས་བཟོ་ཟིན་འབྲི་བཏབ་ནི་དང་ ཁྲིམས་བཟོའི་ནང་ལུ་ ལྷག་ནི་ལས་འགོ་བཙུགས་ཏེ་ གོ་བ་ལེན་ནི་ནང་ལུ་ ཕན་ཐོགས་འབྱུང་ནི་ཨིན་མས།

སྦྱོང་བརྡར་འདི་ཡང་ ནངས་པ་མཇུག་བསྡུ་ནི་ཨིན་མས།