གཟའ་ཟླ་བ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༢

ཧཱ་རྫོང་ཁག་ནང་ལུ་ བྱཱ་འཚོ་མི་ལས་བརྟེན་ མི་སེར་ཚུ་ལུ་ སེམས་ཤུགས།

སྤྱི་ཟླ་༡༠ པའི་ཚེས་ ༧ ༢༠༡༧

༉ ཧཱ་རྫོང་ཁག་ནང་ལུ་ སྔོན་དང་ཕུག་ལས་རང་ བྱཱ་ལཱ་འབད་ནི་གི་སྲོལ་མེད་པའི་ཁར་ དུས་ཅི་འགོ་དང་པ་ བ་ལམ་སྣང་གཡུས་ཚན་ནང་ལུ་ བྱཱ་ལ་འབད་ཡོདཔ་ལས་ ཁ་ཙ་ བྱཱ་བསྡུ་བའི་སྐབས་ལུ་ མི་སེར་ཚུ་གིས་ སེམས་སྤྲོ་སྣང་གི་ཐོག་ལས་ བྱཱ་ཚུ་བསྡུ་དོ་ཡོདཔ་ཨིན་མས།

དུས་ཅི་ གཡུས་འདི་ནང་ལུ་ བྱཱ་གི་ཐོན་ཤུགས་ ཀེ་ཇི་༥༢༠་དེ་ཅིག་ ཐོབ་ཚུགས་པའི་རེ་བ་འདུག

ས་ཆ་ཌེ་སི་མལ་༧༠་ནང་ལུ་ བྱ་དཀར་རེ་གནགཔོ་ཟེར་མི་ བྱཱ་གི་རིགས་ཅིག་བཙུགས་མི་འདི་གིས་ ས་མར་རྒེད་འོག་གི་ མི་སེར་སོ་ནམ་པ་ཚུ་ཡང་ ད་ལས་ཕར་ ཁོང་རང་གིས་སྦེ་ བྱཱ་ལཱ་འབད་ནི་ལུ་ སེམས་ཤུགས་ཐོབ་སྟེ་འདུག

མི་སེར་ཚུ་གིས་སླབ་མི་ནང་ བྱཱ་ལཱ་གི་འཐོན་ཤུགས་ལས་བརྟེན་ཏེ་ ཁོང་རའི་ས་ཆ་ཚུ་ནང་ལུ་ བྱཱ་ལཱ་འབད་ནི་ལུ་ སྤྲོ་བ་སྦོམ་བསྐྱེད་བཅུག་སྟེ་ཡོདཔ་ལས་ སང་ཕོད་ས་ཁོང་རའི་ས་ཆ་ མང་སུ་ཅིག་ནང་ལུ་ བཙུགས་ནི་གི་མནོ་བསམ་ཡོད་ཟེར་བཤད་ཅི།

འདི་ཡང་ སྤྱི་ལོ་༢༠༡༦་ལུ་ སོ་ནམ་ལས་ཁུངས་དང་ ཧཱ་རྫོང་ཁག་བདག་སྐྱོང་གཉིས་ མཉམ་འབྲེལ་གྱི་ཐོག་ལས་ མོ་བཏབ་ཀྱི་དོན་ལུ་ རྫོང་ཁག་འདི་ནང་ ཁང་མ་དམརཔོ་དང་ བྱ་དཀར་རེ་གནགཔོ་ཟེར་མི་ བྱཱ་གི་རིགས་གཉིས་ བཙུགས་ནི་འགོ་བཙུགས་ནུག

འདི་བཟུམ་སྦེ་ རྫོང་ཁག་འདི་ནང་ལུ་ ཁང་མ་དམརཔོ་དང་འཕྱཔད་ད་ བྱ་དཀར་རེ་གནགཔོ་ཟེར་མི་ བྱཱ་གི་རིགས་འདི་ ཐོན་ཤུགས་ལེགས་ཤོམ་ཡོདཔ་སྦེ་མཐོང་ནུག

 ཧཱ་རྫོང་ཁག་སོ་ནམ་འགོ་དཔོན་གོངམ་དཀར་ཅུང་གིས་སླབ་མི་ནང་ ཤུལ་མའི་ ལྕང་ལཱ་རྐྱབ་ནི་གི་དུས་ཚོད་ཁར་ ཞིང་ཆུ་ལངམ་སྦེ་ཡོད་པའི་སྐབས་ སྤྲོ་བ་ཡོད་མི་ མི་སེར་སོ་ནམ་པ་ཚུ་ལུ་ བྱ་དཀར་རེ་གནགཔོ་ཟེར་མི་འདི་ ས་ཆ་མང་སུ་ཅིག་ནང་ལུ་ བཙུགས་ནི་གི་འཆར་གཞི་ཡོདཔ་ཟེར་ཨིན་མས།