གཟའ་པ་སངས། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༤

གཞུང་འབྲེལ་གྱི་ཆོག་ཐམ་ཚུ་ ཡོངས་འབྲེལ་ཐོག་འཐོབ་ཚུགས་དོ་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༥ ༢༠༡༧

༉ གསར་སྤང་རྫོང་ཁག་གི་ རྒེད་འོག་༡༢་གི་མི་སེར་ཚུ་གིས་ ཡོངས་འབྲེལ་གི་ཞབས་ཏོག་གི་ཐོག་ལས་ གཞུང་འབྲེལ་གྱི་ ཆོག་ཐམ་གི་དོན་ལུ་ ཁྲོམ་ཁར་འགྱོ་མི་དགོ་དོ་ཡོདཔ་ཨིན་མས།

ཨིན་རུང་ རྒྱུན་ལམ་ཤུགས་ཚད་ལེགས་ཤོམ་སྦེ་མེད་མི་ལས་བརྟན་ ཡོངས་འབྲེལ་གྱི་ཞབས་ཏོག་ཚུ་ སྤྱོད་ནི་ལུ་ དཀའ་ངལ་འཐོན་ཏེ་ཡོདཔ་ཨིན།

འདི་ཡང་ ཆུ་ཟངས་སྒང་གི་ རྒེད་འོག་བདག་སྐྱོང་འགོ་དཔོན་ ཡོན་ཏན་རྡོ་རྗེ་གིས་སླབ་མི་ནང་ ད་ལྟོ་ མི་བཅུ་ཐམ་གྱིས་ ཡོངས་འབྲལ་ཞབས་ཏོག་ཚུ་ ལག་ལེན་འཐབ་ནི་དོན་འཕྲུལ་རིག་ཅིག་འབྱིན་ཏེ་ཡོད་མི་འདི་ ང་བཅས་མི་གསུམ་གྱིས་ལག་ལེན་འཐབ་རུང་ ཤུགས་ཚད་ཉུང་ནི་འདི་གིས་ འགྲེམས་ཡིག་ཅིག་ཕབས་ལེན་འབད་རུང་ འབད་མི་ཚུགས་པས་ཟེར་བཅད་ཅི།

འཕྲལ་ཁམས་ཅིག་ཁར་ རྫོང་ཁག་ཚོགས་འདུ་ཚོགས་པའི་སྐབས་ རྒེད་འོག་འགོ་འཁྲིདཔ་ཚུ་གིས་Megabits་གི་ ཤུགས་ཚད་ཡར་སེང་རྐྱབ་དགོཔ་སྦེ་ ཞུ་བ་ཕུལ་ཡི།

བཀྲིས་བརྒྱུད་འཕྲིན་ཚད་ཀྱི་ འཛིན་སྐྱོང་པ་སོ་ནམ་རིན་ཆེན་གྱིས་སླབ་མི་ནང་ བརྒྱུད་འབྲེལ་ལྷན་ཁག་ནང་ལས་ ཡོངས་འབྲེལ་གྱི་ ཤུགས་ཚད་ཡར་སེང་རྐྱབ་དགོཔ་སྦེ་ ཡི་གུ་ཚུ་ཡང་ལྷོད་དེ་ཡོདཔ་ལས་ ད་རེས་ཡོད་པའི་བཀྲིས་བརྒྱུད་འཕྲིན་གྱིས་བཀོད་མི་ནང་ ད་རེས་ ཡོངས་འབྲེལ་གྱི་མགྱོགས་ཚད་ སྐར་ཆག་གཅིག་ལུ་ Megabits ༣༥ རེ་ཡོད་མི་འདི་ ༡༨༩ལུ་ ཡར་སེང་འབད་ནི་ཟེར་བཤད་ཅི།

གསར་སྤང་རྫོང་ཁག་གི་ རྒེད་འོག་ཚུ་གི་ནང་ལུ་ ཡོངས་འབྲེལ་གི་ཞབས་ཏོག་ཚུ་སྤྱི་ལོ་༢༠༡༡་ལས་རང་འགོ་བཙུགས་ཏེ་ཡོདཔ་ཨིན།