གཟའ་མིག་དམར། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༣

བསམ་རྩེ་རྫོང་ཁག་ ནོར་རྒྱས་སྒང་རྒེད་འོག་ནང་ལུ་ ན་ཧིང་གི་ལོ་དང་ཕྱདཔ་ད་ དུས་ཅི་ ཨ་ལཱན་ཅི་གིས་ ཐོན་ཤུགས་ཚུ་ མར་ཕབ་འགྱོ་སྟེ་འདུག

སྤྱི་ཟླ་༡༠ པའི་ཚེས་ ༤ ༢༠༡༧

༉ འདི་ཡང་ ཧེ་མ་ མི་སེར་སོ་ནམ་པ་ཚུ་གིས་ ཨ་ལཱན་ཅི་ ཀེ་ཇི་༨༠་བསྡུ་ཚུགས་པའི་ ས་ཞིང་ནང་ལས་ དུས་ཅི་ ཀེ་ཇི་༢༠་དེ་ཅིག་རྐྱངམ་ཅིག་ བསྡུ་ཚུགས་ཡོདཔ་ཨིན་མས།

སྟེ་ མི་ཚུ་གིས་སླབ་མི་ནང་ དུས་ཅི་ ཨ་ལཱན་ཅི་གི་ཐོན་ཤུགས་མར་འགྱོ་མི་འདི་ ཆུ་མ་དགོ་པའི་དུས་ཚོད་ཁར་ ཆརཔ་རྐྱབ་མི་དང་ ཆུ་དགོ་པའི་དུས་ཚོད་ཁར་ ཆརཔ་མ་རྐྱབ་མི་ལས་བརྟེན་ཏེ་འོང་ནི་མས་ཟེར་བཤད་ཅི།

ད་རུང་ དུས་ཅི་ མི་སེར་སོ་ནམ་པ་ཚུ་གིས་ ཨ་ལཱན་ཅི་གི་གོང་ཚད་ཡང་ ཧེ་མ་བཟུམ་སྦེ་ ཐོབ་མི་ཚུགས་དོ་ཡོདཔ་ཨིན་མས།

སྟེ་ མི་སེར་སོ་ནམ་པ་ཚུ་གིས་འབད་བ་ཅིན་ ན་ཧིང་གི་ལོ་ནང་ ཨ་ལཱན་ཅི་ཀེ་ཇི་རེ་ལུ་ གོང་ཚད་དངུལ་ཀྲམ་སྟོང་ཕྲག་རེ་ཐོབ་ཡོདཔ་ཨིན་རུང་ དུས་ཅི་ ༥༠༠་རེ་ལས་བརྒལ་ ཐོབ་མི་ཚུགས་པས་ཟེར་ཨིན་མས།

ཁོང་གིས་སླབ་མི་ནང་ ཨ་ལཱན་ཅི་འདི་ ཁོང་ཆ་ཁྱབ་ཀྱི་དོན་ལུ་ འོང་འབབ་གི་གཞི་གཙོ་བོ་ཅིག་ འབདཝ་ལས་ ཐོན་ཤུགས་དང་གོང་ཚད་དེ་སྦེ་མར་ཕབ་འགྱོ་མི་འདི་གིས་ ལཱ་བརྩོན་ཤུགས་སྐྱེད་དེ་འབད་ནི་ནང་ སྤྲོ་བ་བཞན་བཅུག་མས་ཟེར་བཤད་ཅི།

སྟེ་ བསམ་རྩེ་རྫོང་ཁག་ ནོར་སྒྱས་སྒང་རྒེད་འོག་ནང་ལུ་ ཨ་ལཱན་ཅི་གི་ལཱ་འདི་ ཁྱིམ་གུང་པ་བརྒྱ་ཆ་༩༠་དེ་ཅིག་གིས་ འབད་དོ་ཡོདཔ་ཨིན་མས།