གཟའ་མིག་དམར། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༡

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱ་གར་གྱི་ ཕྱི་འབྲེལ་དྲུང་ཆེན་དང་མཇལ་འཕྲད་གནང་ཡི།

སྤྱི་ཟླ་༡༠ པའི་ཚེས་ ༣ ༢༠༡༧

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ད་རིས་ རྒྱ་གར་གྱི་ ཕྱི་འབྲེལ་དྲུང་ཆེན་དྲོག་ཀྲར་ སུབ་རཱ་མཎ་ཡཱམ་ ཇཱའི་ཤང་ཀར་ལུ་ མཇལ་འཕྲད་གནང་ཡི།

རྒྱ་གར་གྱི་ ཕྱི་འབྲེལ་དྲུང་ཆེན་འདི་ ཉིན་གྲངས་༣གྱི་ གཞུང་དོན་གཟིགས་བསྐོར་གྱི་དོན་ལས་ རྒྱལ་ཁབ་ནང་ལུ་ ལྷོད་དེ་ཡོདཔ་ཨིན།

དྲོག་ཀྲར་སུབ་རཱ་མཎ་ཡཱམ་ ཇཱའི་ཤང་ཀར་གྱིས་ སྤྱི་ལོ་༢༠༡༥ལས་ རྒྱ་གར་གྱི་ ཕྱི་འབྲེལ་དྲུང་ཆེན་གྱི་གོ་གནས་ཁར་ ལྷོད་ནུག

འདི་གི་ཧེ་མ་ ཁོ་གིས་ཡུ་ཨེས་ཨེ་ལུ་ རྒྱ་གར་གྱི་ གཞུང་ཚབ་སྦེ་ ཕྱག་ཞུ་སྟེ་སྡོད་ཡོདཔ་ཨིན་མས།

རྒྱ་གར་གྱི་ཕྱི་འབྲེལ་དྲུང་ཆེན་གྱིས་ སྤྱི་ལོ་༡༩༧༧་ལུ་ རྒྱ་གར་གྱི་ཕྱི་འབྲེལ་ལས་སྡེ་ནང་འཛུལ་ཏེ་ འདས་པའི་ལོ་ངོ་ བཅུ་ཕྲག་༣ལྷགཔ་ཅིག་གི་རིང་ལུ་ ཕྱི་འབྲེལ་ལས་སྡེ་ནང་ ཕྱག་ཞུ་ནུག

ཁོ་གིས་ རྒྱལ་སྤྱི་མཐུན་འབྲེལ་གྱི་ནང་ལུ་ ནང་དོན་རིག་པའི་མཁས་དབང་དང་ གཙུག་ལག་མཐོ་རིམ་ཤེས་ཡོན་སྦྱང་ཡོདཔ་དང་ སྲིད་འབྲེལ་ཚོན་རིག་གི་ནང་ལུ་ གཙུག་ལག་གོང་མའི་ ཤེས་ཡོན་སྦྱང་སྟེ་འདུག

རྒྱ་གར་གྱི་དྲུང་ཆེན་གྱིས་ ད་ས་དྲོ་པ་ཁམས་ཅིག་ཁར་ བློན་ཆེན་ དྲག་ཤོས་ཚེ་རིང་སྟོབས་རྒྱས་དང་ཅིག་ཁར་ འཕྱད་དེ་ཡོདཔ་དང་ འདི་གི་ཤུལ་མ་ ཕྱི་འབྲེལ་བློན་པོ་ དམ་ཆོས་རྡོ་རྗེ་དང་ཅིག་ཁར་ཡང་ འཕྱད་ནུག

རྒྱ་གར་གྱི་ཕྱི་འབྲེལ་དྲུང་ཆེན་འདི་ ཁ་ཙ་ རྒྱལ་ཁབ་ནང་ལུ་ ལྷོད་དེ་ཡོདཔ་ཨིན།